R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 11a
[B:11a] ཚབ་རིན་པོ་ཆེས་གསང་སྔགས་བླ་མེད་ཀྱི་བདེ་ཆེན་གྱི་ངོས་འཛིན་གྱི་བརྩོམ་པ་གཟིགས་པས། དེ་ལ་ཐུགས་འགྲོ་བ་བྱུང་ནས། སྐབས་ཤིག་ཏུ། དེ་ལེགས་པར་འདུག་སྟེ་དེར་བདེ་ཆེན་དེ་བདེ་བ་གཞན་འདི་ཡང་མིན་འདི་ཡང་མིན་ཞེས་མཐའ་བཅད་ནས། རང་ལུགས་ཞུ་བ་དེ་ལ་ངེས་བཟུང་འདུག་ཚུལ་ཞུས་པས། དེས་མི་འོང་ཆགས་པ་དཀར་པོའི་ཕྱོགས་ཀྱང་མ་ཡིན། ཆགས་བྲལ་ནག་པོའི་ཕྱོགས་ཀྱང་མ་ཡིན་པའི་བཅུ་དྲུག་པ་ཟེར་བ་ཅིག་ཡོད་པ་ཡིན་གསུང་བ་དེ་ལ་ཐུགས་ཆེས་ལྷག་པར་འཁྲུངས་ནས། དེ་གཅིག་པུས་ཆོག་པར་ཡོད། དེ་རེས་ཞབས་ཏོག་ཆེ་བར་མ་གྲུབ། ཆོས་རྗེ་དེ་ཐུགས་སྤྲོས་པ་ཆུང་བས། བླ་མ་ཆོས་རྫོང་པས་མི་ཁ་ཡར་ཅིག་ལ་དཀྱིལ་འཁོར་གྱི་ཐིག་བསླབ་ཅིང་འདུག་པས་རྐྱང་ཆེན་པའི་དྲུང་དུ་ང་ལ་དུས་འཁོར་གྱི་ཐིག་ཅིག་སློབ་པར་ཞུ་ཞུས་པས་ངས་མི་ཤེས་གསུང་ནས་མ་གནང་གསུང་། དེའི་དབྱར་རྐྱང་ཆེན་པ་དང་དཔོན་སློབ་གཉིས་ཀྱིས་ལྷ་ཁང་སྟེངས་སུ་ཕེབས་ནས། དཔལ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་[A:27]དབང་བདུན། གོང་མ་ཆེན་པོ། རྡོ་རྗེ་སློབ་དཔོན་བདག་པོའི་དབང་ཡོངས་སུ་རྫོགས་པ་དང་། རྐྱང་ཆེན་པས་གསན་པའི་ཞར་ལ། ཇོ་ནང་ཀུན་མཁྱེན་ཆེན་པོས་མཛད་པའི་ངེས་དོན་རྒྱ་མཆོའི་ལུང་ཡང་གསན། མདོ་སྔགས་ཀྱི་སྐུ་ཡོན་རྫོགས་པས། རྟག་ཏུ་བླ་མ་དགེ་བའི་བཤེས་གཉེན་རྣམས་དང་། ཆོས་ཀྱི་འབེལ་གཏམ་གྱིས་དུས་འདའ་བར་མཛད། ལོ་དེའི་སྟོན་མ་དབྱར་གྱི་དུས་སུ། མཁན་ཆེན་སངས་འབུམ་པས་སྤྱན་གཡས་ཀྱི་གཙུག་ལག་ཁང་དང་བཅས་པ་ལ་ལྷ་རིས་མཛད་པའི་ཞིང་ཁམས་སོ་སོའི་ཞལ་ཡིག་ཕལ་ཆེ་བའི་བརྩོམ་པ་དང་། གསེར་གཉེར་མཛདདེ། སོ་སོའི་གསེར་རྣམས་བསྡུས་ནས་ལེགས་པར་འདུལ་དུ་བཅུག དེར་རྗེས་ཚུར་སྤྲད་པ་ལས་མི་དམའ་བ་རི་སོ་སོར་བཀྱེ་བས། སྟོན་པ་བྱང་ཆུབ་དཔལ་ན་རེ་དེ་ཙུགས་བྱས་པས་ཁེབ་བམ་ཟེར། ངས་ཨའུ་རྩི་བྱས་ནས་ཐམས་ཅད་རི་མོ་བ་རྣམས་ལ་བཀྱེ་བས། ལྷག་སེ་བ་བཅོ་བརྒྱད་བྱུང་གསུང་། རི་མོ་རྣམས་ཕལ་ཆེར་ཚར་ནས་