R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 12a
[B:12a] ཕྱག་རྡོར་འཁོར་ཆེན། བཟང་སྤྱོད། སྒྲོལ་མ་ཡིད་བཞིན་འཁོར་ལོ། ནག་ཚོ་དང་ཕྱག་སོར་བའི་འགྲོ་ཆོས། འཇམ་དབྱངས་དཀར་པོ། ཀུ་སུ་ལུའི་ཚོགས་སོག འཕོ་བའི་མན་ངག སྤོ་ཏོ་བའི་དཔེ་ཆོས་རྩ་འགྲེལ། ལོ་པའི་ལམ་རིམ་རྣམས་གསན། སྤྱན་སྔ་དེ་གདུང་ཆོས་དྲུག་ཚའི་འབྲེག་པར་འདུག སྐུ་ན་གཞོན་པའི་དུས་ནས་གསང་ཕུ་དང་སྐྱོར་མོ་ལུང་ལ་སོགས་པར་སྡེ་སྣོད་ལ་ཐུགས་ལེགས་པར་སྦྱངས། སྤྱན་སྔ་ཆོས་ཀྱི་རྡོ་རྗེ་བ་ལ་སོགས་ལས་བཀའ་གདམས་ཀྱི་གདམས་པ་མང་དུ་གསན་ནས་སྐུ་ཉམས་སུ་བཞེས་པ། [A:29]ཐ་ན་སྨན་ཚུན་ཆད་མཁས་པར་མཁྱེན་པ་ཅིག་ཡིན་གསུང་ནས་གུས་པ་ཆེན་པོ་མཛད། དེ་ཡང་ཐུགས་དགྱེས་པར་བྱུང་ནས་ཕེབས་ཁར་སློབ་དཔོན་གཞོན་ནུ་དཔལ། ཁྱེད་དུས་ཀྱི་འཁོར་ལོ་ལ་ཐུགས་འདོད་ཆེ་པར་འདུག་པས། ངེད་ཀྱི་ཡུལ་ན་བླ་མ་རིན་རྒྱལ་བ་ཞེས་བྱ་བའི་དུས་འཁོར་ལེགས་པར་མཁྱེན་ནས་གསུང་བ་ཅིག་ཡོད། ཁོང་ལ་གསན་པས་ཆོག་པས་གཤེགས། ངེད་ཀྱིས་ཁྱེད་ཀྱི་བདག་རྐྱེན་དང་འཚོ་བ་ཡང་སྦྱོར་གསུང་བས་འཇམ་དབྱངས་རིན་རྒྱལ་བ་དེ་ལ་གུས་པར་བྱུང་ནའང་ལས་འབྲེལ་ཅིག་གིས་གཙང་ཕྱོགས་སུ་ཕྱིན་ནས་ཀུན་མཁྱེན་ཤངས་པའི་དྲུང་དུ་ཉན་པ་ཡིན་གསུང་། སྤྲེའུ་ལོའི་སྟོན་འཇུག་ཏུ་སོང་བ་ན་ལྷ་ཁང་སྟེངས་སུ་ཕེབས་ནས། གསུམ་ལྡན་གྱི་བླ་མ་ཞུ་བ་ཡིན་ཞེས་སེམས་འགྲེལ་སྐོར་རྣམས་ཚང་མར་གསན། དེ་ནས་དགུང་ལོ་ཉེར་ལྔ་པ་མེ་ཕོ་སྤྲེའུ་ལོ་ཟླ་བ་བཅུ་གཉིས་པའི་ནང་དུ་སློབ་དཔོན་སྟོན་ཤཱཀ་པ་དཔོན་སློབ་དགུ་བཅུ་རྩ་གཉིས་རིན་དཔུངས་པ་དཔོན་གཡོག་གིས་ཆོས་བར་ལ་སྤྱན་དྲངས་པའི་ཕྱགས་ཕྱིར་ཕེབས་ནས། བདེ་ལྡན་རྫོང་དུ་བཞུགས་ནས་སློབ་དཔོན་པས་ཕར་ཕྱིན་ལེགས་པར་གསུངས་པ་རྣམས་གསན། ཞོགས་པ་ཅིག་ངེད་གསུམ་གྱིས་འཛིན་འགྲན་བྱས་ནས་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་གཟུང་བས་དགེ་འདུན་ཚ་བཞེས་ལ་འདུས་པའི་སྐབས་སུ། སློབ་དཔོན་པ་ལ་སོ་སོར་ཕུལ་བས་ངས་ཆོས་ཤོག་ཕྱེད་དང་བདུན་ཟིན། མཁན་ཆེན་ཀུན་རྒྱལ་བས་ལྔ་སྤྲད། སློབ་དཔོན་ལྷ་དབང་གིས་གཉིས་སྤྲད་པས་སློབ་དཔོན་པའི་གསུང་ནས། ཁོ་དེ་ཚོ་མི་ཚེ་སྟོང་པར་སྐྱལ་གྱི་གསུང་དུ་བྱུང་། དེར་ཟླ་བ་བཞི་བཞུགས། དཔོན་སློབ་རྣམས་དབུས་