[B:12b] སུ་ཕེབས་ཁར་སློབ་དཔོན་པའི་དྲུང་དུ། བདག་རེ་ཤིག་ཡོན་ཏན་གཙང་ཅིང་གཙང་ཕྱོགས་སུ་ཕྱིན་ན་བསམ་པས། དབོན་པོ་ཀུན་རྡོར་ལ་ངོ་སྦྱོར་མཛད་པ་ཞུས་ནས་གཙང་ཕྱོགས་སུ་ཕེབས་པའི་ལམ་ཞིག་ཏུ། [A:30]ཁམས་པ་མི་ཉག་རྟ་པ་ཆང་གིས་མྱོས་པ་ཞིག་རྟིང་ལ་བྱུང་། ལམ་ཟུར་ཟེར་བས་བཟུར་བྱོན་ཡང་། དེས་རལ་གྲི་བཏོན་ནས་དེད་ཅིང་རྒྱབ་པ། སྐུ་རྒྱབ་ཀྱི་འབོག་ཁྲེས་ལཕོག་ཀྱང་རྨ་མ་བྱུང་། སླར་བརྡེག་པར་བརྩམས་པས་རལ་གྲི་ས་ལ་ལྷུང་། དེར་ཐུགས་ངར་ལངས་ཏེ། རྟ་རྒྱབ་ཏུ་རྒྱངས་ཀྱི་མཆོངས། གྲི་ཆུང་ཡོད་པ་བསྣུན་རྩིས་ཀྱི་མོད་ལ་གཉེན་པོས་ཟིན། རྟ་ཁ་ནས་ས་ལ་བསྐྱུར་བ་ཙམ་མ་གཏོགས་གནོད་པ་གཞན་ཅི་ཡང་མ་བྱས་གསུང་། ཤངས་ཀྱི་རི་བོ་དགེ་འཕེལ་དུ་ཀུན་མཁྱེན་ཤངས་པའི་དྲུང་དུ་ཕེབས་པས་མྱུག་ཕྱོགས་སུ་ཕེབས་ནས་མི་བཞུགས་པར་ཞག་གསུམ་ཙམ་སོང་བ་དང་ཕེབས་བྱོན་བས། གཟིམས་ཁང་ལ་ཕེབས་པའི་ལམ་གྱི་རྡོ་སྟེགས་ཅིག་ལ་སྐུ་ངལ་མཛད་པའི་སྐུ་མདུན་དུ་ཕྱག་ཕུལ། བདག་དབུས་ཕྱོགས་ནས་འོངས་པ་ཅིག་ལགས། ཁར་སང་ནས་རིན་དཔུངས་སུ་ཆོས་བར་ལ་འོངས། དེ་ནས་འདིར་ཞབས་དྲུང་དུ་འོངས་པ་ལགས། དུས་འཁོར་རྒྱུད་འགྲེལ་གྱི་བཤད་པ་ཅིག་ལ་འདོད་པ་ཆེ་བར་ཡོད་པས་ཐུགས་རྗེས་འཛིན་པ་ཅིག་འོང་ངམ་བསམ་ནས་འོངས་པ་ལགས་པས་ཐུགས་རྗེས་འཛིན་པར་ཞུས་པས། འོ་དེ་ལེགས་ངས་རི་མགོ་འདིར་བསྡད་ནས་དབང་ཅིག་ཀྱང་ནར་མར་བྱས་པ་ཡིན་ཏེ། སློབ་དཔོན་གཞོན་བློ་བའི་གསུང་མ་ལེགས་པ་ཅིག་གིས་དུས་འཁོར་གྱི་དབང་ཚུན་ཆད་ནས་ཞུ་མཁན་མི་ཡོང་བར་འདུག ཉིད་དུས་འཁོར་རྒྱུད་འགྲེལ་ལ་འདོད་པ་ཡོད་པ་དེ་ལེགས་གསུང་ནས་ཞལ་གྱིས་བཞེས་བྱུང་གསུང་། དེར་ཟླ་བ་ལྔའི་བར་དུ་བཞུགས་ནས་རྒྱུད་འགྲེལ་གྱི་བཤད་པ་ལེགས་པར་གསན། ཆོས་ཐུན་དེའི་ངོ་སྐལ་གྱི་ཆོས་རྗེ་བླ་མའི་ཊིཀའི་ལུང་ཡང་འཕྲལ་དུ་གནང་། བཤད་པ་ནི། བུ་སྟོན་ཐམས་ཅད་མཁྱེན་པའི་ས་བཅད་དང་མཆན་བུ་ལ་བརྟེན་ནས། གསུང་བའི་བཤད་པ་གྲོལ་ཁར། ད་ཉིད་ཀྱིས་དུས་སུ་འཁོར་ལེགས་པར་ཤོད་ཅིག[A:31]དང་པོར་དུས་འཁོར་རང་ལ་འཇུག་པ་དཀའ་བས་རྩིས་བཞིན་སློབས་ལ་དེ་རྗེས་དུས་འཁོར་ལ་སྦྱོར་