[B:13b] སྟོང་སྤྱན་སྟོང་གི་རིག་གཏད། གཟུངས་གྲ་ལྔ་རྣམས་ཀྱི་རྗེས་གནང་སྙིང་པོ་དོན་གསུམ། རྟེན་འབྲེལ་སྙིང་པོའི་ཁྲིད། གཏོར་དབང་བར་ཆད་ཀུན་སེལ། བླ་མ་མགོན་པོ་དབྱེར་མེད། གྲིབ་སེལ། གསང་སྒྲུབ། གནས་དབབ། ཡུམ་ཅན། མགོན་པོ་ཡིད་བཞིན་ནོར་བུ། ལྷ་བཞི་དྲིལ་སྒྲུབ་རྣམས་གསན། རི་བོ་དགེ་འཕེལ་དང་ཉེ་བར་ཆོས་རྗེ་སྒྲོལ་མ་བ་ཕེབས་བྱོན་པས་ཀུན་མཁྱེན་ཆེན་པོའི་དྲུང་དུ་ཁོང་ངེད་རང་འདིར་སྤྱན་འདྲེན་ལགས་སམ། ཞུས་པས། རྟ་ནག་ན་ངེད་ཚོ་ཡོན་མཆོད་ལེགས་པོའང་ཡོད། ཁོང་གི་ཡབ་ལ་ངས་དབང་ཡང་ཞུས་པས་སྤྱན་འདྲེན་དགོས་ཏེ། ཁོང་པ་སྒོབ་དིར་ཆེ་གྲགས་ནས་གསུང་ཡང་སྤྱན་དྲངས་ཕེབས་པ་ལ་བཞུགས་སྟན་མཐོན་པོ་མཛད། བླ་བྲེས་ཀྱང་ལེགས་པར་འབུབས་མཛད་ཀྱི་འདུག དེ་རེས་ངས་ཆོས་ཉན་ནས་ཕྱིར་འོངས་པ་ཅིག་དང་ཁོང་ཕྱིར་ནས་ནང་དུ་བྱོན་པ་ཅིག་སྐས་མགོ་ཅིག་ཏུ་མཇལ། ཕྱག་ནི་མ་འཚལ། རྙིང་མ་ལ་ཤེས་འདོད་ཆེ་བར་ཡོད་པས་བློ་ནི་འགྲོ་བར་བྱུང་གསུང་། དེར་བཞུགས་རིང་གི་འཕྲལ་གྱི་གསོལ་ཆས་རྣམས་ནི་འབྲོང་པོ་སྒང་ནས་དབོན་པོ་ཀུན་རྡོར་གྱིས་ཕུལ། བླ་མ་དགྱེས་ཤིང་དགེ་འདུན་རྣམས་ཀྱང་བྱམས་པར་བྱུང་བ་ཡིན་གསུང་། དེ་ནས་འུག་པ་ལུང་དུ་བྱོན་ནས་ཡང་དབེན་པའི་དྲུང་བཤེས་གཉེན་པ་ལ་གསང་རྙིང་གི་རྒྱུད་འགྲེལ་པ་དང་བཅས་པ་དང་དབང་རྣམས་གསན་རྩིས་སུ་མཛད་ནས་བྱ་ལོའི་དགུན་དེ་ཡང་དབེན་དུ་བཞུགས། ཕ་ཇོ་པད་བསམ་ཞེས་བྱ་བ་ལ་གནས་[A:33]པོ་བཅོལ། སྒྲོ་སྡུག་པའི་ཆོས་ལྔ། ཡང་དག་མེ་དགུའི་བུམ་དབང་རྣམས་གསན། མཚན་གནས་པོའི་སར་བཞུགས་ནས་མ་ཎིའི་དམ་བཅའ་ཡོད་པ་རྣམས་ལ་ཐུགས་དམ་མཛད་ཉིན་ལ་མའི་སྤྱིལ་པོ་འདུག་པས་དེར་བཞུགས་ནས་གསང་རྙིང་ཐུགས་ལ་བཟུང་། སྒྱུ་འཕྲུལ་གྱི་དབང་ཞུས་པས་གནས་པོ་ན་རེ་ཆ་རྐྱེན་མང་དུ་དགོས་ཟེར་ནས་མ་བྱུང་། དེ་ནས་དགུང་ལོ་ཉེར་བདུན་པ་ས་ཕོ་ཁྱི་ལོའི་
1418ལོ
དཔྱིད་སྣར་ཐང་དུ་སྒྲ་སློབ་ཏུ་ཕེབས་ཏེ་ཆེན་པོ་སང་གྷ་ཤྲཱི་པ་ལ་གཏུགས། སློབ་ཕན་གྱི་སྟེངས་ནས་ཀ་ལཱ་པའི་སྒྲའི་ས་རིས་ཚང་མར་བཏང་། ཡུན་ཟླ་བ་བཞི་འགོར། དེའི་རིང་ལ་མཁན་ཆེན་གྲུབ་པ་ཤེས་རབ་པ་ལ་