R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 13a
[B:13a] གསུང་བའི་བཀའ་ལུང་བཟང་པོ་ཡོད། བླ་མ་དེས་ཐུགས་རྗེས་བཟུང་སྐུ་དྲིན་ཆེ་ཞེས་ཡང་དང་ཡང་དུ་གསུང་ཞིང་སྤྱན་ཆབ་ཁོ་ན་འབྱོན་པ་ཡིན། དབང་ནར་མར་གནང་པ་རྣམས་ཀྱང་ལེགས་པར་གསན་པས། མཆོད་གཡོག་རྣམས་ཀྱིས་དཀྱིལ་འཁོར་གྱི་ཐིག་འདེབས་པ་རྣམས་ལ་འཕྲལ་དུ་གཟིགས་པས་ཐིག་རྣམས་ཀྱང་ཚེགས་མེད་དུ་མཁྱེན། དགེ་བཤེས་ཁྲ་ཧྲལ་ན་རེ་ངེད་གཉིས་དྲུང་ཆེན་དཔལ་བཟང་པ་འདི་ལ་ཐིག་ཅིག་བསླབས་པ་འཐད་ཟེར་བས་ཐིག་རང་ལ་སློབ་དཔོན་ཟུར་དུ་བསྟེན་མི་དགོས་པར་འདུག མི་ཞུ་གསུངས། ཕྱིས་སུ་སོང་དུས་ཁོང་སྐྱེས་བུ་དམ་པ་དེ་ལ་ཆོས་མང་དུ་ཞུ་རྒྱུར་འདུག་སྟེ། མ་ཤེས་པར་སྣང་གསུང་། ཀུན་མཁྱེན་པའི་དྲུང་དུ་དབང་གསན་པའི་སྐབས་སུ་ཟངས་ཀྱི་གཏོར་ཆ་ཅིག་ཡོད་པ་ཕུལ་བས་དེས་ལང་ཕྱིད་ཅིག་མི་ཡོང་གསུང་། དབུ་མ་ལུགས་དང་སེམས་ཙམ་ལུགས་ཀྱི་ཐུགས་བསྐྱེད་ཀྱང་ལེགས་པར་གསན། བུ་རིན་པོ་ཆེའི་མངོན་དཀྱིལ་གྱི་སྟེང་ནས་དུས་འཁོར་གྱི་དབང་ཡོངས་སུ་རྫོགས་པ། གློ་བོ་ལོ་ཙཱ་བ་ནས་རྒྱུད་པའི་དུས་འཁོར་སྡོམ་ཆེན་གྱི་དབང་། དགེ་ལྡན་གདན་ས་བ་ཆོས་རྗེ་ལེགས་པ་བས་གསོལ་བ་བཏབ་ནས་དེའི་ཞར་ལ་ཆོས་རྗེ་བླ་མའི་ཡིག་ཆའི་སྟེང་ནས་དུས་འཁོར་གྱི་དབང་ཡོངས་སུ་རྫོགས་པ། གཤེད་དམར་ལྷ་བཅུ་གསུམ་མ། དགྲ་ནག གདོང་དྲུག གཤེད་དམར་ལྷ་ལྔ། བདེ་མཆོག་ལུ་ཨི་བ། ནག་པོ་བ། དྲིལ་བུ་བ། ཀྱེ་རྡོར་ས་ལུགས་ཀྱི་རྡུལ་ཚོན་དང་། ལུས་དཀྱིལ་གྱི་དབང་བསྐུར། གཞན་ཡང་འཁོར་ལོ་ཆེན་པོ། མཁའ་འགྲོ་རྒྱ་མཚོ།གསང་འདུས་མི་བསྐྱོད་པ། འཇམ་རྡོར། འཇིག་རྟེན་དབང་ཕྱུག གུར་རིགས་བསྡུས། རྣམ་སྣང་མངོན་བྱང་། ཚེ་དཔག་མེད་འཆི་མེད་རྔ་སྒྲ་ཛེ་ཏཱ་[A:32]རིའི་ལུགས། རྒྱུད་སྡེ་ལྔའི་དབང་། སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ལས། ཤཱཀྱ་ཐུབ་པ། ཚེ་དཔག་མེད། ཕྱག་རྡོར་གསུམ། དོན་ཞགས་ལྷ་ལྔའི་རིག་གཏད། སྒྲོལ་མ་ཀུ་རུ་ཀུ་ལླེའི་བྱིན་བརླབས། འཇམ་དབྱངས་སྨྲ་སེང་གི་རྗེས་གནང་། རིགས་གསུམ་སྤྱིའི་རིགས་གཏད། སྤྱན་རས་གཟིགས་ཕྱག་