R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 17a
[B:17a] ལན་མཛད་དེ། དཔུང་བཟང་ནས། བཟླས་བརྗོད་བྱེད་ཚེ་མི་དལ་མི་མྱུར་ཞིང་། གུག་བཀྱེད་ཚེག་བར་གླད་ཀོར་ཉམས་པ་མིན། ཞེས་ཚེག་བར་ཡོད་པར་ཡང་གསུངས་འདུག ངོ་བོ་ཉིད་མེད་པས་མཛད་པའི་མདོ་སྡེ་རྒྱན་གྱི་འགྲེལ་བཤད་ན་ཡང་། ཨི་ནི་དབང་ཕྱུག་ཆེན་པོ་འོ་ཞེས་བྱ་བ་ནི་ཡི་གེ་གཅིག་མ་ཡིན་ཏེ། ཚེག་གིས་བཅད་པར་བྱ་བའི་ཕྱིར་རོ། ཞེས་བཤད་འདུག་པ་གསུངས་པས་ཁོང་ཅི་ཡང་མི་གསུང་། ཡང་ཁོང་ན་རེ་དུས་ཡིན་ན་འདུས་བྱས་ཡིན་པས་ཁྱབ་པ་ལ། གསང་སྙིང་པ་རྣམས་འདུས་མ་བྱས་ཀྱི་དུས་ཁས་ལེན་པར་འདུག་ཟེར་བས། གསང་སྙིང་ན་འདུས་མ་བྱས་ཀྱི་དུས་བྱ་བ་བཤད་པ་མེད། དུས་གསུམ་གྱི་སྟེངས་སུ་འབྱུང་བར་མ་ངེས་པ་ཞེས་བྱ་བ་ཞིག་དང་བཞིར་བཤད་དེ། དེ་མ་འོངས་པ་ལ་འབྱུང་ངེས་ཅིག་དང་མ་ངེས་པ་ཅིག་གཉིས་སུ་ཕྱེ་བ་ཡིན་གསུངས་[A:41]པས་ཡང་ཅི་མི་གསུང་པར་འདུག་ཡང་ཁོང་ན་རེ། ཐེག་བརྒྱད་ཟིལ་གྱིས་གནོན་པའི་ཕྱིར། ཕག་མོས་ཤཱཀ་ཐུབ་གདན་དུ་བྱས། ཟེར་བ་ཡོད་ཟེར་བས། རྣམ་སྣང་མངོན་བྱང་གི་དཀྱིལ་འཁོར་ན་ཤཱཀྱ་ཐུབ་པ་དཀྱིལ་འཁོར་གྱི་ཟུར་དུ་ཕུད་ནས་གཙོ་བོ་རྣམ་སྣང་མི་སྐྱ་དེས་བྱས་པ་ཡོད་པ་གསུངས་པས་དེ་ལའང་ཅི་མི་གསུང་། ཆོས་རྗེ་བློ་མཆོག་པ་གྲལ་དེར་བྱོན་ཡོད་པ་ན་རེ་ནང་ནས་རྒྱག་བཟང་པོ་འདུག་སྟེ། ལར་གྱི་དེ་འདྲའི་རྫོང་འཛིན་དཀའ་གསུང་། ལན་ཕྱི་མ་དེ་བློ་བཟོས་ལྟ་བུར་བཏབ། ཁོང་རང་ནི་ཅི་ཡང་མི་གསུང་། ཚེག་རྒྱ་དཔེ་ལ་ལར་ཡང་འདུགཐམས་ཅད་ལ་ཡོད་པའི་ངེས་པ་མི་འདུག་སྟེ། དེའི་སྐྱོན་བཟུང་མ་བཟུང་མེད། དུས་ལའང་འདུས་མ་བྱས་ཀྱི་དུས་ཡོང་མི་ཡོང་ལས་འདུས་མ་བྱས་ཀྱི་འཁོར་བ་ཡོད་པར་ཡང་དཔལ་ཕྲེང་གི་མདོ་ལས་བྱུང་སྟེ་དེ་དུས་དེའི་ལན་ནི་མ་བཏབ་གསུང་། དེ་རེས་ཆོས་རྗེ་རོང་ཆེན་པའི་གསུང་ཆོས་ཀྱི་སྐྱར་ཆག་པ་ཡང་མཛད། དེ་ན་དྲུང་ལོ་ཙཱ་བ་ཕེབས་ཡོད་པའི་ཞལ་ནས་ཆོས་རྗེ་རོང་པོའི་བཤད་པའི་སྒྲོས་ཅིག་ལ་བསྟོད་ར་མཛད་ཅིང་འདུག་པས་མཁྱེན་རབས་འདི་ཙམ་ལ་ཆོས་སྐད་དེ་ཙམ་ལ་ཐུགས་དངངས་མི་དགོས་ཞུས་པས་འོ་ན་ཉིད་ཀྱིས་གང་ཡིན་ཅིག་ལ་ད་ལྟ་རང་ཊིཀ་བརྩོམས་དང་གསུང་བྱུང་བས། དབུ་མ་ལག་