R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 19a
[B:19a] བྱུང་། དེ་ནས་ཕྱི་ཞིག་ན་ནི་དེའི་བྱིན་བརླབས་ཆེན་པོ་བྱུང་བར་གོ་གསུང་། དེར་ཐུགས་དྭངས་ནས་རྒྱལ་བཟང་རིན་རྒྱལ་གྲོངས་པ་ཟིངས་བའི་མནལ་ལམ་བྱུང་། དེ་ནས་རྩེས་ཐང་གི་སྣང་བ་ཁྲ་མོར་བཞུགས་ནས་དུས་འཁོར་ལེའུ་དང་པོའི་མཇུག་གི་གོ་སླའི་ཊིཀ་ངང་མོ་རྣམ་རྩེན་ཡང་བརྩམས། ནམ་རྫོང་སྟེངས་པ་ཤཱཀྱ་དོན་གྲུབ་གྱིས་ཞབས་ཏོག་ལེགས་པར་བྱས་ནས་ནམ་རྫོང་སྟེངས་སུའང་ཐོགས་རེ་བཞུགས་དུས། ཕྱིས་ཁོང་ཤིན་དུ་དད་དེ་མི་གཞན་དང་ངེད་ཀྱི་ཆོས་རྗེ་གཉིས་མི་འདྲ། ལོ་སྐོར་བཅུ་གཉིས་རང་ལའང་བྱི་བ་བྱི་བར་མི་གཅིག གླང་གླང་དུ་མི་གཅིག་ཟེར་བའང་ཡོད། དགའ་ལྡན་གླིང་གི་བླ་མ་ཡོན་ཏན་ལྷུན་གྲུབ་པའི་སར་ཕེབས་ནས་གསུང་རབ་ཀྱི་འབེལ་གཏམ་མང་དུ་མཛད། ཁོང་ན་རེ་དེ་རིང་སློབ་དཔོན་གཞོན་ནུ་དཔལ་འདིར་བྱོན། ཇ་དཀར་ནི་མེད་ཇ་ནག་ཡང་སྐོལ་ཡང་སྐོལ་བྱས། ཆོས་ཀྱི་[A:46]གསུང་གླེངས་མང་དུ་བྱུང་སྐྱེས་ཐོབ་ཀྱི་ཤེས་རབ་དེ་ང་ཆེ་བར་འདུག སྦྱངས་སྟོབས་ཀྱི་ཤེས་རབ་དེ་ཁོང་ཆེ་བར་འདུག བསྒོམས་པའི་ཉམས་མྱོང་དེ་ཨ་ཕོ་བཟང་བར་འདུག་གསུང་སྐད། གླང་ལོའི་
1421ལོ
དབྱར་ཆོས་རྗེ་རོང་ཆེན་པ་དཔོན་སློབ་ཐང་པོ་ཆེར་ཆོས་བར་ལ་ཕེབས་པས་དེར་ཕེབས་ནས་དཔོན་སློབ་རྣམས་ལ་བསྙེན་བཀུར་ཞིག་ཀྱང་ཞུས། རྒྱུད་བླ་མ་གཞུང་རྐྱང་གི་བཤད་པ་དང་རྣམ་ངེས་ཀྱི་བཤད་པ་གསན་ཞིང་། སྤྱི་ཆོས་གསུང་བ་རྣམས་ཀྱང་གསན། གསང་འདུས་རིམ་ལྔའི་བཤད་པ་ཅིག་ཞུས་པས་འདི་ལ་ངེད་རང་ཚེ་ཕོ་ཚོད་སུ་ཚ་ཡིན་གསུང་ནས་གནང་། ཆོས་རྗེ་དེ་ཇོ་བོ་ཤིན་དུ་བཟང་། གྲུབ་མཐའི་ཕྱོགས་ཞེན་ཡང་ཆུང་། ཞལ་ནས་ཀྱང་ཐོག་མ་མེད་པ་ནས་ཀྱི་དངོས་འཛིན་གྱི་འཆིང་བས་ཆོག དེའི་སྟེངས་སུ་གྲུབ་མཐའི་འཆིང་བའི་སྣོན་མ་མི་དགོས་གསུང་། འཕྲལ་དུ་ནི་ཆོས་ཁྲི་ཁར་ཕག་ཕག་དང་ཞལ་ཕོ་མང་པོ་མཛད་ཅིས་མཁྱེན་རབ་དང་ཇོ་བོ་བཟང་བ་སོགས་ཀྱི་ཚབ་དུ་མ་