[B:18b] པས་ཐུགས་ངང་རྒྱུད་བཟང་། སྐུ་དྲུང་ན་ཡུན་དུ་བསྡད་པ་དག་གིས་ཀྱང་ཐུགས་ཁྲོས་པ་མཐོང་མ་མྱོང་བ་ཡིན། མི་ཤི་ནས་མེད་ན་མ་གཏོགས་ད་ལྟར་བའི་མིའི་སྐྱོན་བརྗོད་གཏན་ནས་མི་མཛད་གསུང་ནས་གུས་པ་ཆེན་པོ་མཛད་པ་ཡིན་ནོ། དགུང་ལོ་ཉི་ཤུ་རྩ་དགུ་བཞེས་པ་བྱི་བ་ལོའི་
1420ལོ
དཔྱིད། རྩེས་ཐང་ནས་སློབ་དཔོན་བསམ་བཟང་པ་དཔོན་སློབ་གཉལ་དུ་ཁྲ་པ་མཁན་པོས་ཆོས་བར་ལ་སྤྱན་དྲངས་པའི་ཕྱག་ཕྱིར་ཕེབས་ནས་སློབ་དཔོན་པས་ཚད་མ་རྣམ་འགྲེལ་གསུངས་པ་རྫོགས་པར་གསན། ལྟེའུ་ར་པ་ཆོས་རྗེ་ཡེ་ཤེས་དཔལ་བཟང་པ་ལ་གསང་འདུས་ཆག་ལུགས་གསན་པར་བཞེད་ནས་ཕེབས་པས་ཁོང་གི་མཇལ་ཁ་མ་བྱུང་། ཁ་ཅིག་ན་རེ། ཁོང་ལ་ཇོ་མོ་ཅིག་ཡོད་པས་དེས་ཐུགས་ཞུམ་པ་ཡིན་ཟེར། ང་ལ་ཇོ་མོ་ཡོད་མེད་ལ་ཁྱད་མེད་པ་ཡིན་ཏེ་གསུང་། དེ་དུས་གདན་ས་ན་དྲུང་བསམ་པ་བཞུགས་འདུག་པས། གྲུབ་ཆེན་པ་ནས་བརྒྱུད་པའི་དུག་སྔགས་ཤིག་གསན། གསེར་ཕྱེ་ཁའི་མཆོདརྟེན་མཇལ་དུ་བཞུད་ནས་ཞག་གསུམ་ཙམ་སྐོར་བ་མཛད། དེ་རེས་མཆེད་གྲོགས་ཐམས་ཅད་དངོས་པོ་སྒྲུབ་ཅིང་འདུག ངས་ནི་དཔེ་ཆ་ཁོ་ན་སྒྲུབ་པས་བོང་རྒྱབ་ཅིག་བྱུང་བ་སྤྱན་དྲངས་ཡོངས། ཁོང་ཚོ་དང་ཞེ་འདོད་སོ་སོར་སོང་བས་ལན་པ་ཡིན་གསུང་། འཇམ་དབྱངས་ཀྱི་བསྟོད་པ་གང་བློའི་འགྲེལ་བ་ཞིག་ཀྱང་བརྩམས། དེའི་དབྱར་སྤྱན་གཡས་སུ་བཞུགས་ནས་དུས་[A:45]འཁོར་གསུངས། དབྱར་མཇུག་རྡོ་རྗེ་འཛིན་པ་བཀྲ་ཤིས་བཟང་པོ་བས་རྡོ་ཐོག་ཏུ་སྤྱན་དྲངས་ནས་བླ་མར་བཟུང་། དེར་ཁོང་ལ་ཕུར་པ་ལྷ་ནག་དང་། གསང་ལྡན་གྱི་དབང་། ཕུར་པ་རྩ་ཐུང་གི་བཤད་འབུམ་རྡོ་རྗེ་དོན་གསལ་རྣམ་དགསྤར་ཁབ་ཀྱི་འགྲེལ་བ་དཔལ་ལྡན་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པ་རྣམས་གསན། གསང་སྙིང་ལ་བོད་ཊིཀ་མང་དུ་འདུག་ནའང་འགྲེལ་བཤད་འདི་ལས་མ་གཟིགས་གསུང་། ཡང་དག་མེ་གཅིག་གི་དབང་ལ་དབང་བཞི་ཀ་ཚང་མ་ཡོད་པ་ཅིག་གནང་། ཁོང་གིས་གནས་རྙིང་གི་མཁན་པོ་རིན་ཆེན་རྒྱལ་མཚན་ལ་གསན་པར་འདུག་གསུང་། གཞན་ཡང་ཁོང་ལ་གུ་རུ་དྲག་པོའི་དབང་དང་སྒྲུབ་སྐོར་མང་དུ་བཞུགས་འདུག་པ་རྣམས་ཀྱང་ཞུས། དེའི་སྟོན་ཀུན་བཟང་རྫོང་ཞེས་བྱ་བའི་རི་ཁྲོད་དུ་བཞུགས་ནས་གཤིན་རྗེ་གཤེད་ལ་ཐུགས་དམ་དུ་མཛད་པས། ཐུགས་ཀྱི་ངེས་ཤེས་ལ་བྱིན་བརླབས་གནས་དེ་ཉིད་དུ་ཡང་