[B:22a] མཱ་ཡཱ་ལྷ་ལྔའི་དབང་། ཐོགས་མེད་གྲགས་ཀྱི་འགྲེལ་བ་དང་གསུང་སྒྲོས་སྦྲགས་ནས་རྒྱུད་ཀྱི་བཤད་པ་ཀུ་ཀུ་རི་པའི་ཆོས་བདུན། སམྦུ་ཊའི་རྒྱུད་ཞེ་སྡང་རྡོ་རྗེའི་ཊིཀ་དང་བཅས་པ། རྒྱུད་ཕྱི་མ། གདན་བཞིའི་ཡབ་བཀའ་ཡུམ་བཀའི་དབང་། རྩ་རྒྱུད་བཤད་པ་དང་བཅས་པ་རྣལ་འབྱོར་ནམ་མཁའ། ཡེ་ཤེས་དབང་ཕྱུག་མ། ཤིང་གཅིག་དཀའ་འགྲེལ། མཆན་ཁུང་སྦྱོར་བ། སྒྲུབ་ཐབས་ཨཱརྱ་དེ་བས་མཛད་པ། བཤད་རྒྱུད་ལེའུ་བརྒྱ་དང་གསུམ་ཡོད་པ། མན་ཏཱ་ཨམ་ས། དཀྱིལ་ཆོག ངག་དབང་གྲགས་པའི་མཆི་བླུ། འགྲེལ་པ་དྲན་པའི་རྒྱུ་མཚན། མཚན་བརྗོད་ཞེ་སྡང་རྡོ་རྗེའི་ཊིཀ་དང་བཅས་པའི་བཤད་པ། སྔགས་དོན་རྣམ་གཟིགས་གསང་ལྡན་ཊིཀ་དང་བཅས་པ། དབང་རིམ་གཉིས་སྦྱིན་སྲེག་ཊིཀ་དང་བཅས་པ། མཚན་གྱི་སྔགས་སྒྲུབ། བཀླག་པའི་སྒོམ་ཁོག དགེ་བསྙེན་མ་གྲགས་སྦྱིན་མ། སྙན་གྲགས་དགེ་མ། ཨ་ཤོ་ཀ་རི་གསུམ་གྱིས་མཛད་པའི་སྒྲུབ་ཐབས་རྣམས་གསན། བདེ་མཆོག་སྙན་རྒྱུད་ཀྱི་སྐོར་ལ་ཁྲིད་དང་། ཡེ་ཤེས་མཁའ་འགྲོ་ནས་རྒྱ་ཕོ་བ་ལུང་པ་ཡན་གྱི་རྣམ་ཐར། རྡོ་རྗེའི་ཚིག་རྐང་ནཱ་རོས་མཛད་པ། བཀའ་རྒྱ་ཉམས་ལེན་གྱི་བསྡུས་དོན་ལ་སོགས་ཆོས་ཚན་ལྔ་བཅུ་རྩ་གསུམ་ཙམ་གསན། ཨུ་རྒྱན་དྲག་སྒྲུབ་རིན་ཆེན་གླིང་པའི་གཏེར་མའི་སྐོར་ལ་སྒྲུབ་ཐབས་རྩ་བའི་མན་ངག་སྙིང་འདྲ། རང་སྒྲུབ་གསལ་བའི་སྒོམ་ཁོག དངོས་གྲུབ་གཏོར་མའི་ཕྲིན་ལས། སྨིན་བྱེད་[A:53]དབང་གི་ཆོ་ག འཇམ་དཔལ་སྐུ་སྒྲུབ། རྟ་མགྲིན་གསུང་སྒྲུབ། ཕྱག་རྡོར་ཐུགས་སྒྲུབ། བྱ་ཁྱུང་ཕྲིན་ལས། སྲིའུ་གསེར་བསྲུང་། བཀྲ་ཤིས་བུམ་པ། སྦེད་བཟློག སྦྱིན་སྲེག་ལག་མཆོད་བསྒྲལ་བའི་གཏོར་མ། གནོད་བྱེད་འདུལ་བ། སྡིག་པ་ནག་པོའི་གདམས་པ། དབང་བསྐུར་རྣམས་དང་། ཚེ་དཔག་མེད་ལྷ་དགུའི་དབང་། འཆི་མེད་འཁྲུལ་འཁོར་གྱི་ལུང་