[B:23a] དང་ཐེག་པ་སྤྱིའི་རྣམ་བཞག་ལ་སོགས་པ་ནི་བདག་རང་གིས་ཀྱང་ཤེས། འོན་ཀྱང་སྒལ་ཚིགས་ཀྱི་སྟེང་དུ་སྒལ་ཚིགས་བརྩེགས་ནས་བསྒོམས་པས། གེགས་བཞིན་བྱུང་ན་དེ་སེལ་བ་ལ་ཁོང་རྣམ་གཉིས་པར་འདུག་ཞུས་པས། འོ་ན་ཁལ་འགེལ་བ་ལ་མཁོ་བར་འདུག་གྱིས་ལ་བོང་བུ་ལ་བླ་མ་ཆོལ་གསུང་དུ་བྱུང་། ངས་དེ་སྐདཟེར་བ་དེ་དྲུང་ནས་རང་མཐར་ཁོང་རྣམ་གཉིས་ལ་གཏུག་དགོས་པ་ཅིག་འོང་བར་འདུག་བསམ་བྱུང་ནས་དེའི་ས་བོན་བཏབ་པ་ཡིན། ཁོང་ལ་ཕྱིས་ཐུགས་སུ་རླུང་གི་བསྙུང་བྱུང་ནས་དེ་རྗེས་གླང་ལུང་དུ་བྱོན་ཏེ། གླང་ལུང་པའི་འཁྲུལ་འཁོར་རྣམས་མཛད་མ་ནུས་པས་ཕན་ནི་མ་བྱུང་བར་འདུག་གསུངས། སྦྲུལ་ལོའི་
1425ལོ
དཔྱིད་ཀྱི་བར་དུ་སྤྲེའུ་ཞིང་དུ་བཞུགས། དེ་ནས་སྦྲུལ་གྱི་དབྱར་དེ་སྟག་རྩེ་བས་སྦྱིན་བདག་མཛད་ནས་དབུ་རའི་ཕུག་པར་བཞུགས། དེ་དུས་ཕུག་པའི་ནང་དུ་ཐིག་མཛད་ནས་ཤམ་བྷ་ལའི་རྒྱ་ཚད་གཏན་ལ་ཕབ། ཆུ་མིག་དགོན་གསར་ན་མཁན་ཆེན་ཡོན་རིན་པ་བཞུགས་པའི་དྲུང་དུ་ཕེབས་ནས། ཨཱརྱ་དེ་བའི་སྤྱོད་བསྡུས་སྒྲོན་མ་གསན། དེའི་སྟོན་མཇུག་སྟག་[A:55]རྩེ་བས་དབུ་འདོན་དུ་དགོངས་ནས་རྒྱ་དུར་གྱི་མཁན་སར་བཞུགས་སུ་གསོལ། དང་པོར་མནལ་ལམ་གྱི་མཚན་ལ་ངན་པ་ཅིག་ཀྱང་བྱུང་། གྲ་པ་རྣམས་དང་ཡོན་བདག་རྣམས་གུས་པ་ཁོ་ན་ཡང་མེད། གཟིམས་ཁང་ནང་དུ་ཡོ་བྱད་མ་ཤོམ། རྒྱ་འདྲེ་ཡང་མང་བས་བར་ཆད་དུ་དགོངས་ནའང་། སྟག་རྩེ་བ་ལ་ཞུ་བ་མ་གྲུབ་པར་སྦྲུལ་དེ་ནས་ལོ་ངོ་དྲུག་གི་བར་གདན་སར་བཞུགས། ཕར་ཕྱིན་འགྲེལ་བ་བརྩོམ་པ་སྐབས་གསུམ་པ་ཡན་མཛད། རབ་བརྟན་གླིང་དུའང་ཐེང་རེ་བཞུགས། དེར་ཆུ་མིག་དགོན་གསར་ནས་བླ་མ་ཚུལ་རྒྱལ་བ་ཕེབས་བྱོན་པ་ལ། ཐུགས་རྗེ་ཆེན་པོའི་བསྒོམ་བཟླས་གསན། ལན་ཅིག་ཤོད་དེ་ནས་སྲོད་ལོང་བ་བོས་ནས་ལྷ་ཁ་འབེབས་ཤིང་འདུག་པས། དེའི་སྟེང་ཐོག་ཏུ་ཞབས་སྐོར་དང་ཐུགས་དམ་སྦྲག་གིན་ཡོད་པས་ལྷ་ཁ་དུས་ལ་འབབས་མ་ཉན། དེ་ནས་རིང་ཞིག་ན་བབས་བྱུང་བས་ད་ལྟ་བར་ནས་མི་འབྱོན་པ་ཅི་ཡིན་བྱས་པས། ད་ལྟ་བར་ཁང་ཐོག་ན་བསྐོར་བ་བྱེད་ཅིང་འདུག་པས་མ་འོང་པ་ཡིན་ཟེར། ཁོང་ལ་ནུས་མཐུ་ཆེན་པོ་འདུག་གམ་བྱས་