[B:24a] ཟེར། དེར་བཞུགས་རིང་ལ་སློབ་དཔོན་ཤེར་དོན་པའི་དྲུང་དུ། དཔེ་མེད་མཚོའི་སྦྱོར་དྲུག་དང་ཉི་མ་དཔལ་ཡེ་ཤེས་ཀྱི་འགྲེལ་པ་འགྱུར་རྙིང་དེ་གསན། དེ་ནས་སྤྱན་སྔ་རིན་པོ་ཆེ་ཟངས་རིར་ཕེབས་པའི་ཕྱགས་ཕྱིར་བྱོན་པས། ཤར་གྱི་ཕྱག་འཚལ་ཐོན་མཚམས་སུ་ཆིབས་བརྡབ་ས་ཅིག་བྱུང་། དོན་མེད་དུ་ཤངས་མཚལ་ཞིག་ཀྱང་བྱོན་པས་བསྙུང་བ་དྭངས། ཕོ་བྲང་སྒང་ནས་ཟངས་རི་ཁང་དམར་མཇལ་དུ་ཕེབས་པས་བུད་མེད་ངོ་མི་ཤེས་པ་ཅིག་གིས་དམ་རྫས་ཅིག་དྲངས་བྱུང་པས་རྟེན་འབྲེལ་མི་འཆུག་པའི་ཕྱིར་ཧུབ་གསུམ་བཞེས། དེ་ནས་སྤྱན་སྔ་རིན་པོ་ཆེའི་དྲུང་དྲུ། དེ་རིང་འདི་ལྟར་བྱས་ཞུས་པས། ཨ་པ་གོག་པོ་འདི་དེ་[A:57]ཚང་མར་མི་འཐུང་བ་གསུང་བ་བྱུང་། ལུག་ལོ་
1427ལོ
ལ་རྩེས་ཐང་གི་གྲ་ཚང་གི་སྤྱི་དཔོན་དུ་སློབ་དཔོན་ནམ་མཁའ་གྲགས་པ་བསྐོ་བའི་དོ་དམ་མཛད་ནའང་། ཁོང་གིས་ལོ་གཅིག་ལས་མ་ཐུབ་པར་གཤེགས་ཏེ་ཆེན་པོ་བློ་རྒྱལ་བ་སྤྱི་དཔོན་དུ་བསྐོ་བའི་དོ་དམ་ལེགས་པར་གནང་། ལྷ་ཁང་སྟེང་ནས་རྟོགས་ལྡན་ལེགས་རྒྱལ་ཞེས་བྱ་བའི་རྣལ་འབྱོར་པ་ཉམས་འབའ་ཞིག་སྐྱོང་བ་ཞིག་ཡོད་པའི་མ་འཇུ་ལྷ་རི་ན་ཡོད་པ་སྟེང་གདོན་གྱིས་བཏབ་ནས་ཁ་ལྐུགས་པ་ལ་བྱིན་བརླབས་ཅིག་ཐུགས་རྗེས་འཛིན་པར་ཞུ་ཟེར་བས། རྒྱ་དུར་ནས་ཕེབས་དོང་སྤྲུགས་ཀྱི་གཏོར་དབང་དེ་གནང་བས་ནད་ལས་གྲོལ་ནས་སྨྲ་ཡང་ཤེས་ཏེ་སངས་རྒྱས་གཞོན་ནུ་དཔལ་ལ་སྐྱབས་སུ་མཆིའོ་ཁོ་ན་ཟེར། སློབ་དཔོན་ཆོས་རྒྱལ་ལ་དོང་སྤྲུགས་ཀྱི་དབང་མཛད་པས་གཏོར་དབང་གི་སྐབས་སུ་ཉམས་འུར་ཡེ་ཤེས་པ་ཕེབས། སྐབས་ཤིག་ཏུ་སྤྱན་སྔ་རིན་པོ་ཆེའི་གཟིམས་སྤྱིལ་གྱི་འོག་ན་ཚུར་ཕེབས་པའི་ལམ་དུ་དབང་པོ་རྣོན་པོས་དང་པོར་ཤེར་ཕྱིན་ཁོ་ན་ལ་རྗེན་འཇུས་བྱས་ནས་ཕར་ཕྱིན་ལྷག་མ་རྣམས་ལུགས་བཟློག་ཏུ་ཉམས་སུ་ལེན་པ་དེ་མངོན་རྟོགས་རྒྱན་སློབ་དཔོན་སེང་གེ་བཟང་པོའི་འགྲེལ་པ་དང་བཅས་པའི་དགོངས་པ་ཡིན་པར་གོ་བྱུང་། དེ་སྤྱན་སྔ་རིན་པོ་ཆེའི་བྱིན་བརླབས་ཡིན་པ་འདྲ་གསུང་། ཡང་ཤར་ཁང་གི་ནང་ནས་བཞེངས་ཏེ་སྒོ་ལ་ཕེབས་པར་བརྩམས་པའི་ཚེ་རྐེད་སྒོ་རྩ་དེར་ཕེབས་པ་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་སྒྲུབ་གཞི་ད་ལྟར་གྱི་སྣང་བ་འདི་ཁས་ཡོད་པར་གོ་བ་ཡིན་གསུང་། ལྷ་ཁང་སྟེངས་སུ་ཆོས་