[B:28a] སུ་ཕེབས་པར་བཞེད་ནས་དྭགས་པོ་འབྲུ་མདའ་བ་ལ་སྦྱིན་བདག་ཡོང་མི་ཡོང་དྲིས་པས། འོང་བའི་ཞུ་བ་བྱུང་ནས་ས་ཕོ་རྟའི་ལོ་གསར་འཕྲལ་དེ་ནས། ཙ་རི་ཕྱོགས་ཕེབས་ཆོག་པའི་ཞུ་བ་ཉིན་རེ་བཞིན་དུ་ཕུལ་བས། གོང་ནས་མི་འཐད་གསུང་ནས་མི་གནང་བའི་ངང་ལ་ཟླ་བ་བདུན་པའི་ཚེས་ཉི་ཤུ་བདུན་གྱི་བར་ལུས་གསུང་། རྟལོའི་
1438ལོ
དཔྱིད་བཙན་ཐང་དུ་ཆོས་ཀྱི་རྒྱལ་པོ་གྲགས་པ་འབྱུང་གནས་པའི་བཀའི་ལུང་གིས་དམར་སྟོན་རྒྱལ་མཚན་འོད་ཟེར་བ་ལ། དགེ་བའི་བཤེས་གཉེན་མང་པོ་དབང་གསན་དུ་བཅུག་པའི་དུས་སུ་ཀྲྀ་ཡ་ས་མུ་ཙྪའི་[A:66]དབང་ཡོངས་སུ་རྫོགས་པ་དང་། སྒོས་བཀའ་དང་རྗེས་གནང་ཤིན་དུ་མང་བར་གསན་ཞིང་། གུར་བརྟགས་སམ་གསུམ། འགྲེལ་པ་ཀུ་ལུ་དི་དང་། དག་ལྡན། ལྗོན་ཤིང་། གུར་གྱི་ས་བཅད། གུར་རྒྱན། རྩེ་མོས་མཛད་པའི་སམ་པུ་ཊའི་རྣམ་བཤད། འཇམ་དཔལ་ནཱ་ག་རཀྴའི་རྗེས་གནང་ལས་ཚོགས་ཚང་མ། ས་ཆེན་གྱི་བརྟག་གཉིས་འགྲེལ། སངས་རྒྱས་ཐོད་པའི་རྒྱུད། དཀའ་འགྲེལ་ཡེ་ཤེས་ལྡན། ཀྱེ་རྡོར་འགྲེལ་བ་སྦྱང་དཀའ་ཟླ་བས་མཛད་པ། ཨ་བྷ་ཡའི་མི་འཇིགས་པའི་གཞུང་འགྲེལ། རྡོ་རྗེ་མཁའ་འགྲོའི་རྒྱུད་དང་། བྷ་ཝ་བྷ་དྲས་མཛད་པའི་འགྲེལ་བ་ཚེ་དཔག་མེད་གྲུབ་རྒྱལ་མའི་རྗེས་གནང་། ཚེ་ཁྲིད་དང་བཅས་པ། འདུས་པའི་མན་ངག་ནག་ཁྲིད་དུ་གྲགས་པ་རྣམས་དང་། སྒྲ་མི་སྙན་པའི་ཚེ་སྒྲུབ། མི་ཏྲ་ཛོ་ཀི་ནས་བརྒྱུད་པའི་ཚེ་སྒྲུབ། གཤེད་དམར་ལྷ་ལྔའི་རྫོགས་རིམ་ཤིན་དུ་སྤྲོས་མེད་དེ་ཁོ་ན་ཉིད་ཀྱི་མན་ངག སྤྲོས་མེད་ཀྱི་བྱིན་བརླབས། རྣམ་རྟོག་འོད་གསལ་གྱི་བྱིན་བརླབས། རྡོ་རྗེ་ཚིག་རྐང་། སྤྲོས་མེད་རྡོ་རྗེའི་ཚིག་རྐང་། དེའི་ཁྲིད་ཡིག་གློ་བོ་ལོ་ཙཱ་བས་མཛད་པ་ལ་སོགས་པ་ཤིན་དུ་མང་བར་གསན། བཙན་ཐང་གི་ཆོས་འཁོར་གྲོལ་ནས་སྣེའུ་གདོང་རྩེར་དམར་སྟོན་པས་སྒྲོལ་མ་ལྷ་བཅུ་བདུན་མའི་དབང་མཛད་པ་ཡང་ཞུས། དེའི་སྟོན་དབྱར་གྱི་དུས་སུ་དམར་སྟོན་པས་འོན་གྱི་ཆོས་སྡིངས་སུ་རྒོད་ཕྲུག་ཆོས་རྗེའི་སྐུ་མདུན་དུ་ཆོས་གསན་དུ་ཕེབས་ནས། ཆོས་རྗེ་གྲགས་འབྱུང་བའི་ཞབས་ལ་གཏུགས། ཆོས་རྗེ་དང་སྔར་ཡང་མང་དུ་མཇལ། ཁྱད་པར་རྒྱལ་བཟང་དུ་