R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 28b
[B:28b] མཇལ་ནས་བཀའ་ལུང་མང་པོ་གནང་མཛད་དེ། དེ་ཕན་དུ་ཕྱག་ཀྱང་མ་ཕུལ་གསུང་། དེ་རེས་ཚེ་རིང་མ་མཆེད་ལྔའི་རྗེས་གནང་དང་ཕག་མོ་གཞུང་དྲུག་གི་སྐོར་མཁན་ཆེན་རིན་རྒྱལ་བའི་ཡིག་ཆའི་སྟེང་ནས་གནང་བ་གསན། བདག་ཙ་[A:67]རི་ཕྱོགས་པ་འགྲོ་འདོད་པ་ཐོན་པར་འདུག་ལགས་སམ་ཞེས་ཞུས་པས་ཕྱི་ཤོལ་ཆེན་པོ་རང་འདུག་ནའང་ཐོན་པར་འདུག་གསུང་བའི་ལུང་བསྟན་བཟང་པོ་བྱུང་། དེ་ནས་ཙ་རི་ཕྱོགས་ལ་ཕེབས་པའི་ཞུ་བ་ནི་མ་གྲུབ། སྣེའུ་གདོང་དུ་རྒྱུན་དུ་བཞུགས་པ་མི་ལེགས་པར་ཡང་དགོངས། གོང་ནས་ལ་ཆོས་འབྲེལ་ཚུན་ཡང་མ་ཞུས། འཕྲལ་ཐུགས་ཀྱིས་ལེགས་པར་བཟུང་བས་བྲོས་སྟབས་སུ་གཤེགས་པའང་མ་སྤོབས་ནས། འོ་རྒྱལ་བར་བྱུང་གསུང་། ཟླ་བ་བདུན་པའི་ནང་དུ་ཀོང་པོར་འགྲོ་བའི་འགྲུལ་པ་མང་དུ་འདུག་པས་དེའི་ཟླ་ལ་ཕེབས་པར་ཐག་བཅད་ཡོད་པའི་ཞུ་བ་བཏང་བས། ད་མི་ཉན་པར་འགྲོ་ན། ཞག་བར་གཅིག་སྡོད་ལ་སོང་གསུང་བའི་གོང་གི་བཀའ་ལུང་བྱུང་བས་ངེད་རང་ནི་སེམས་བདེ། ཀོང་འགྲུལ་ནི་མི་ཅིག་ཀྱང་མེད་དེ། ཕྱིར་ཕེབས་ཐུབ་ན་དེས་ཆོག་དགོངས་པ་བྱུང་གསུང་། དེ་ནས་སྣེའུ་གདོང་རྩེར་སྐུ་མདུན་དུ་ཕེབས་པས་ད་ཁོང་གི་བྱ་བྲལ་བྱེད་པ་ལ་དྲ་བ་ཅིག་དང་གཏོར་ཆ་ཅིག་ལ་སོགས་པའི་གནང་བྱིན་གྱིས་གསུང་ནས་དེ་རྣམས་གནང་བས་ཐུགས་དགྱེས་ཏེ། དྲ་བ་དེ་ཡང་དུས་ཕྱི་མོའི་བར་དུ་ངའི་བྱ་བྲལ་གྱི་བླ་ཡིན་གསུང་ནས་ཐུགས་རྩིས་ཆེན་པོ་གནང་། དེ་ནས་དགུང་ལོ་བཞི་བཅུ་རྩ་བདུན་
1438ལོ
བཞེས་པ་ས་ཕོ་རྟའི་ཟླ་བ་བརྒྱད་པ་ལ་བཏེག་ནས་ཐོག་མར་དྭགས་པོར་ཕེབས། ཇོ་བོ་ཁོག་ན་ཡར་སྔ་མོ་ནམ་འོག་ཏུ་བཞུད་པས་ན་བཟའ་སྐུ་ཆོས་འཛར་བ་མ་དགོངས་པ་ལ་འགྲུལ་ཟླའི་ཁྱི་གཅིག་འདུག་པ་དེས་སོས་ཐེན་ནས་སྦྲན་བྱུང་གསུང་། དེ་ནས་ཐོག་མར་འབྲུ་མདར་ཕེབས། སློབ་དཔོན་བསོད་བཀྲས་པས་ཞབས་ཏོག་ལེགས་པར་བསྒྲུབས། མཁན་ཆེན་བཀྲས་བྱང་པས་སྣ་ལེན་བཟང་པོ་མཛད། ཁོང་གི་ཡང་དགོན་ན་བྱང་རྩེ་བ་ཀུན་བཀྲས་པ་ཡང་བཞུགས་འདུགནང་དུ་སློབ་མ་ཁང་མཁན་ཆེན་བཀྲས་བྱང་པས་ཐུགས་དགྱེས་དགྱེས་ཀྱི་འཕྲོས་[A:68]གཏམ་མང་དུ་བྱུང་། བྱང་རྩེ་བ་དང་དེ་རེས་མ་གཏོགས་མཇལ་མ་མྱོང་ནའང་། བཤུལ་ལམ་ལ་སོགས་ཀྱི་དྲི་བ་གང་ཀྱང་མི་མཛད་པར། དུམ་ཞིག་ལོན་ཙ་ན་བླ་མ་པཎ་ཆེན་སོར་སྡུད་སྐུ་རྡོ་རྗེ་ཡིན་ཟེར་ཡོད་འདུག་པ་དེའི་རྒྱུ་མཚན་