R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 29a
[B:29a] ཅི་ལ་བྱེད་ཀྱི་འདུག་གསུང་། མིག་སོགས་དབང་པོ་རྣམས་ལ་ལུས་སུ་བཤད་དེ་དག་པར་བྱེད་པས། སྐུ་རྡོ་རྗེར་འཇུག་པ་འདུག་གསུངས་པས། འོ་ན་སྲོག་རྩོལ་ཡང་དེར་ཐལ་བ་མེད་གསུང་། སྐྱོན་དེ་འགྲོ་འགྲོ་འདྲ་བ་ཞིག་འདུག་ཞུས། ཞེ་ལ་ད་ནང་ཕྲད་འཕྲལ་ཡིན་པས་མི་རྩོད་དེ་ནས་འདྲིས་ནས་ལབ་ཀྱི་དགོངས་པ་བྱུང་གསུང་། རེ་ཞིག་ན་སློབ་དཔོན་ཞི་རྒྱས་པ་ཁོང་གི་སློབ་མ་ཡིན་པས་འདིས་ལབ་དེ་སྐྱེལ་དུ་འོང་དགོངས་ནས། ཁྱེད་དགའ་ལྡན་པ་འདི་རྣམས་བྱང་ཆུབ་ལམ་གྱི་རིམ་པ་དེ་ལ་ཤིན་ཏུ་མཁས་ཏེ། དེ་གང་ལ་བརྟེན་པའི་ལམ་སྒྲོན་མ་མི་མཁས། ལམ་རིམ་པ་ལྔ་པ་དེ་ལ་མཁས་ཏེ། དེ་གང་ལ་བརྟེན་པའི་སློབ་དཔོན་ཀླུ་སྒྲུབ་ཀྱི་རིམ་ལྔ་དེ་ལ་མི་མཁས་གསུངས་པས། ཁོང་ཅི་ཡང་མི་ཟེར་ཡང་གཏམ་དེ་བྱང་རྩེ་བ་ལ་སྐྱལ་འདུག དེ་ནས་རེ་ཤིག་ན་ཁོང་གི་རྩར?ཙར་ཤོག་ཟེར་ནས་ཕྱིན་པས། དེ་སྐད་གསུངས་པ་ཨེ་ཡིན་གསུང་། དེ་སྐད་བྱས་པ་ཡིན་ཞུས་པས། ལམ་རིམ་གྱིས་མི་ཁྲོལ་བའི་ལམ་སྒྲོན་ལ་དཀའ་གནས་ཅི་ཡོད་པ་གསུང་། དཀའ་གནས་ལམ་རིམ་གྱིས་མི་ཤེད་པ་མང་དུ་འདུག ཐོག་མར། གསང་དབང་ཤེས་རབ་དབང་བསྐུར་ནི། ཚངས་པར་སྤྱོད་པས་བླང་མི་བྱས། ཟེར་བ་འདིའི་གསང་དབང་། ཚངས་སྤྱོད་པས་ལེན་དུ་མི་རུང་བའི་རྒྱུ་མཚན་ཅི་ཡིན་གསུངས་པས། མི་ལེན་ཟེར་བ་དེ་ཡིན་མེད་གསུང་། དེ་མི་ལེན་ཟེར་བའི་ཨུ་ཚུགས་དེས་མི་ཡོང་དེ་བླངས་པས་ཕམ་པ་འོང་བར་གསུངས་འདུག་པ། རྡོ་རྗེ་སློབ་དཔོན་གྱི་བྱང་སེམས་ཚངས་སྤྱོད་པའི་ལྕེ་ཐོག་ཏུ་བཞག་པས་ཕམ་པ་འོང་བའི་རྒྱུ་མཚན་ཅིག་སྨྲ་དགོས་པ་[A:69]ཡིན་མེད་གསུངས་པས། དེ་ནས་ཁོང་རང་གི་ཐུགས་རྒྱལ་ཞི་ནས། ད་འོ་ན་ཁྱེད་རང་ཇི་ལྟར་མཛད་གསུང་། ང་དེ་ལ་མཁས་པས་ཞུ། དང་པོའི་སངས་རྒྱས་རྒྱུད་ཆེན་ལས། རབ་ཏུ་འབད་པས་བཀག་པའི་ཕྱིར། ཞེས་གསུངས་པས་བླ་མེད་གཞན་གྱི་གསང་དབང་བླངས་པས་ཕས་ཕམ་འོང་བ་མ་ཡིན། དུས་འཁོར་ནས་གསང་དབང་ལ་དབང་པོ་གཉིས་སྦྱོར་བཤད་པ་ཅིག་ཡོང་པས་དེ་ལེན་དུ་མི་རུང་ཟེར་བ་ཡིན་གསུངས་པས། ཁོང་གི་གསུང་ནས། རིམ་ལྔའི། དང་པོ་ཅིག་ནི་དགུ་དབུས་ན། ཟེར་བ་དེ་ཅི་ལ་ཟེར་བ་གསུང་། དེ་ལའང་ལན་ལེགས་