R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 30a
[B:30a] དེ་ནས་ལྷ་བ་རྣམས་ཀྱིས་སླེབ་ནས་གཡག་ཕུག་ཏུ་ཐུགས་དམ་འབའ་ཞིག་གནང་། དེར་ལན་ཅིག་ཞབས་ཀྱི་སྟེང་ན་ཟ་གུལ་བ་ཅིག་འདུག་པ་ཅི་ཡིན་གཟིགས་པས་ཤིག་ལུག་གི་རིལ་མ་ལས་མི་ཆུང་བ་ཞིག་སྣང་སྟེ་ཆོ་འཕྲུལ་དུ་འདུག ཙ་རིར་སྡོད་རིང་ཤིན་དུ་སྐྱིད་པར་བྱུང་། ལོངས་སྤྱོད་ཀྱང་ཕུན་སུམ་ཚོགས་པ་འབྲུ་མདའ་བས་སྐྱལ། གང་སྐྱལ་རྣམས་ལ་འཛད་རྒྱུའང་མི་འདུག སྲིས་སྨེ་བ་དངོས་གྲུབ་ཏུ་འདུག ཙ་རི་དེ་ཉིན་རི་དང་ཤིང་ཐམས་ཅད་སེམས་ལྡན་ཡིན་པ་སྙམ་བྱེད། ཟིལ་ཡང་ཤིན་དུ་ཆེ་བ་ཅིག་ཡོད། མཚན་མོར་སོང་ནས་འཇིགས་སྣང་ཡང་མེད་པར་ཤིན་དུ་བག་ཕེབས་པ་ཡོད། དེའི་དབྱར་དེ་གནས་ནང་ན་མི་ཉི་ཤུ་ཙམ་ལས་མེད། པུ་རིའི་རྩེ་ལ་ཕེབས་ནས་སྤུར་ཆུང་གི་མགོ་ན་ཇེ་བཟང་ཤེར་དབང་པ་འདུག་པས་ཁོང་ལ་གནས་པོ་བཅོལ། སང་དེ་པུར་ཆེན་གྱི་རྩེ་ལ་ཕེབས་ནས་གསོལ་འདེབས་ལ་སོགས་མཛད། དེ་ཉིན་[A:71]ནས་མཁའ་ལ་སྒྲ་ཁྱད་པར་ཅན་ཡང་གྲགས་སྟེ། རྗེས་ཀྱེ་མི་རྣམས་ལ་དད་པ་མི་འདུག་པ་གསུང་། སྒྲ་དེ་ཇི་འདྲ་ཅིག་བྱུང་བ་ལགས་ཞུས་པས། རྔའི་སྒྲ་དང་ཕྱོགས་འཐུན་པ་ཅིག་ཐམས་ཅད་ཀྱིས་འཐུན་སྣང་དུ་གྲགས་པ་ཐོས། གཞན་ཡང་ཙ་རིར་ཐུགས་དམ་ལ་བཞུགས་པ་ན་མི་མང་པོས་ཆོས་སྐྱོང་གསོལ་བའི་རྔ་སྒྲ་འདྲ་པ་སྦྲམ་རྒྱངས་ཆེན་པོ་ཡོད་པ་དང་། དེའི་བར་བར་དུ་དུང་དཀར་སྒྲིལ་མ་མང་དུ་འབུད་པའི་སྒྲ་འདྲ་བ་དང་། རེས་འགའ་བཤར་སྦྱང་བྱེད་པའི་སྐད་མཐོ་དམན་ཚིག་ཚུན་གསལ་ལ་ཁད་པ་མང་དུ་གསན། ཙ་རི་སྒྲ་བརྙན་སྣ་ཚོགས་ཐོས་པའི་གནས་ཡིན་ཟེར་བ་བདེན་པར་འདུག་གསུང་། ཀུན་དྲིལ་བས་ཟླ་བ་དྲུག་བཞུགས་ནས་དྭགས་པོར་ཕེབས། ལུག་ལོའི་
1439ལོ
སྟོན་མཇུག་ཀོང་པོ་ནས་ཆོས་རྗེ་ཆོས་དཔལ་ཡེ་ཤེས་པ་དཔོན་སློབ་རྣམས་འབྲུ་