[B:32b] གཞན་ཡང་གྲུབ་ཐོབ་འདར་ཕྱར་གྱི་རྟ་མགྲིན་དང་ཤངས་པའི་རྟ་མགྲིན་གྱི་དབང་། གཅོད་ཡུལ་གཏོར་མའི་གླེགས་བམ་དབང་བསྐུར་ཞི་བྱེད་དང་འདྲ་བ། གཅོད་ཡུལ་གྱི་མཁའ་འགྲོ་སྡེ་ལྔའི་དབང་། དམ་པའི་ཐུགས་ཀྱི་ཞུས་ལན། རྒོད་ཚང་པའི་ཟབ་མོ་མོས་གུས་ཀྱི་གསུང་སྒྲོས། ཆོས་རྗེ་པ་རང་གིས་མཛད་པའི་དམིགས་འབུམ། སྟོན་ཐོག་གཅིག་མ། ཚོགས་ལས་དགོས་འདོད་ཀུན་འབྱུང་། མ་གཅིག་གི་གཏོར་དབང་། རྟ་མགྲིན་གསང་སྒྲུབ་ཀྱི་ལས་ཚོགས་རྣམས། ལོ་རས་ཀྱི་ཚོགས་ཆོས་རིན་ཆེན་ཕྲེང་བ། ཚོགས་ཀྱི་འདུ་བ་བསྒྲགས་པ་ཡང་དགོན་པས་མཛད་པ། རླབས་པོ་ཆེའི་བློ་སྦྱོང་བཞི་པ། ལམ་ཟབ་སྙིང་པོའི་བློ་སྦྱོང་ལ་ཆོས་ཚན་བརྒྱད། གནས་ཀྱི་ལྷན་ཐབས། ཞུས་ལན་གསུང་གི་བང་མཇོད། ཚོགས་ཀྱི་ཁོག་དབུབ། རབ་གནས། བདུན་ཚིགས། སྤྱན་སྔ་རིན་ལྡན། ཟུར་ཕུག་པ་རྣམས་ཀྱི་རྣམ་ཐར། ངག་འདོན་ཐོར་བུ་པ། ལྔ་ལྡན་བདུད་རྩི་ཐིགས་པ། གསང་འདུས་རིམ་ལྔའི་ཁྲིད་ཆུང་གཉིས། རི་ཆོས་ཀྱི་ནང་གཏོར་བདུན་ལ་སོགས་པའི་ལུང་གསན། དེའི་སྟོན་མཇུག་ཀུན་བཟང་རྩེ་པ་དྲུང་བསོད་ནམས་རྒྱལ་མཚན་པས་སྦྱིན་བདག་མཛད་ཅིང་། སྣེའུ་གདོང་རྩེའི་སྣང་ཁྲར་བཞུགས་ནས། བཞེང་པ་དང་མཐུན་པའི་དབང་མང་དུ་གནང་། དེ་ཡན་དུ་ཉིད་ཀྱི་གཅུང་པོ། སློབ་དཔོན་མགོན་རྡོར་གྱིས་ཞབས་ཏོག་གི་ཉེ་གནས་མཛད་ཀྱང་། ཁོང་ཕྱག་བྱད་ངན་པའི་སྟོབས་ཀྱིས། གཟིམས་ཁང་ནས་ཕྱག་དཔེ་ཐོགས་ཤིག་དང་། འགྲོ་མགོན་རིན་པོ་ཆེའི་སྐུ་འདྲ། [A:77]དྲ་བ་གཏོར་ཆ། སྐུ་སྦྱར་དང་གསོལ་ལྷུང་། ཏིང་བདུན་ཚར་ཙམ་མ་གཏོགས། ནང་སྤྱད་ཀྱི་དངོས་པོ་ས་ཞིང་དང་བཅས་པ་ཁོང་རང་ལ་བསྐྱུར་ནས། ཡིད་བཟང་རྩེ་རྙིང་པར་ཕྱོགས་ཕེབས་ཅིང་སློབ་དཔོན་ནམ་མཁའ་དཔལ་འབྱོར་བས་ཉེ་གནས་ཀྱི་ཁུར་བླངསཏེ་བྱ་ལོའི་དགུན་བཞུགས། ཁྱི་ལོ་
1442ལོ
སར་འཕྲལ་དུ་རྐྱང་ཆེན་པའི་སྐུ་མདུན་དུ་ཕྱག་འབུལ་ལ་ཕེབས་པས་ཤིན་དུ་དགྱེས་པ་ཞིག་ཀྱང་བྱུང་། དེ་མ་ཐག་ཕྱིར་ཕེབས་ནས་རྒྱལ་