[B:32a] སྒྲུབ་ཀྱི་ཉམས་ཁྲིད་ལེགས་པར་གསན་པས་སྲོག་འཛིན་ཡན་ཟླ་སེང་བའི་ལུགས་གནང་། དེ་རྗེས་ལོ་རྒྱུས་རིན་ཆེན་ཕྲེང་བ། མཁས་བཙུན་པ། སྙེ་མོ་ག་པ། ཟླ་སེང་བ་རྣམས་ཀྱིས་མཛད་པའི་རྣམ་ཐར་གསུམ། བསྙེན་སྒྲུབ་ཀྱི་ངོ་སྤྲོད། རྣམ་བཤད། གེགས་སེལ་སྙན་རྒྱུད་མ། འཁྲུལ་འཁོར་བཅུ་བདུན། རྡོ་རྗེ་མཐོང་རྡོལ། ཧ་འདོན་ཁྲིད་ཡིག་གི་ཞལ་ཤེས་རྣམས་ཟླ་སེང་བས་སྒྲིགས་པ་གྲགས་བྱང་གི་ཞུས་ལན། རྒྱལ་སྡེ་སྙན་རྒྱུད་ཆུང་བ། ལྟག་འཐེན། རྒྱལ་སྡེ་སྙན་རྒྱུད་ཆེ་བ། གཅེས་ཕྲུག་བརྒྱད་བཅུ། དེའི་ལྡེ་མིག་ཡང་དེའི་ལྡེ་མིག་བསོད་ནམས་རྒྱལ་མཚན་པས་མཛད་པ། རྣམ་རྟོག་ཡུལ་ལ་མི་འཇུག་པའི་ཟུར་བཀོལ། འཕོ་བ་ཚིགས་བཅད་མ། རྡོ་རྗེ་ཕ་ལམ་དབྱུག་པའི་མན་ངག གེགས་སེལ་ཐོར་བུ་བ། རྟོགས་ལྡན་བསམ་རིན་གྱི་ཞུ་ལན། སྟོན་པ་སངས་རྒྱས་དཔལ་གྱི་ཞུ་ལན། མཁས་བཙུན་པའི་རྣམ་བཤད་ཆེན་མོ། ཀུན་མཁྱེན་གངས་པའི་ཁྲིད་ཡིག གསོལ་འདེབས། རིགས་བཞི་མཁའ་འགྲོའི་ཞལ་གདམས། ཚེ་སྒྲུབ་བཀའ་རྒྱ་མ། འཕོ་བ་གསེར་སྲང་མ། ཀུན་མཁྱེན་གངས་པའི་གསོལ་འདེབས། རིགས་དྲུག་ས་བོན་བསྲེག་ཚུལ། ཐུགས་རྡོ་རྗེའི་མན་ངག་འཆི་མེད་རྩལ་སྦྱོང་བདུན་མ། དངུལ་ཆུའི་གདམས་པ། གེགས་སེལ་སྨན་དཔྱད་མ་རྗེ་རང་བྱུང་པས་མཛད་པ། རླུང་སྦྱོར་གནད་ཀྱི་ལྡེ་མིགབསྙེན་སྒྲུབ་ཀྱི་ཆེ་བ་ལ་སོགས་པ་ཤེར་མགོན་པའི་ཟིན་བྲིས་རྣམས་གསན། གཞན་ཡང་ཚོགས་ཆོས་རིན་ཆེན་ཕྲེང་བ། རིན་ཆེན་སྒྲོན་མེ། གཅེས་ཕྲེང་། དུང་ཕྲེང་། བཻ་ཌུརྱའི་ཕྲེང་བ། རིན་པོ་ཆེའི་གཏེར་ཆེན། མན་ངག་གི་སྙེ་མ། དྲུག་གསུམ་བཅོ་བརྒྱད་མ། ཤེལ་ཕྲེང་། རིན་ཆེན་སྙེ་མ། མེ་ཏོག་ཕྲེང་བ། མགུར་འབུམ་ཆུང་བ་རྣམས་ཀྱི་ལུང་ཡང་ལེགས་པར་གསན། རྒོད་ཕྲུག་ཆོས་རྗེས་[A:76]བུ་སློབ་ཆེན་པོ་རྣམས་ལ་གཞན་དོན་འདི་ལྟར་འོང་གི་ལུང་བསྟན་མང་དུ་གནང་། བདག་ལ་ཡང་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་བསྟན་ན། གཞན་ལ་ཕན་པར་འགྱུར་ཞེས་པའི་ལུང་བསྟན་གནང་བྱུང་ཡང་། གཞན་ལ་འཆད་པ་ནི་ཅུང་མ་གྲུབ་གསུང་།