[B:37b] ཚེ་སྐུ་མདུན་དུ་མ་ཕེབས་ཙམ་ལ་ཕལ་ཆེར་གོ་ཡོད་པར་འདུག བྱིན་བརླབས་ཤིན་དུ་ཆེ་བ་ཞིག་ཡོད། ཆོས་གསུང་པའི་ཚེ་ཞལ་ནས་ལུང་ཐམས་ཅད་ཀྱང་ཐོགས་མེད་དུ་འོང་། བསམ་གྱིས་མི་ཁྱབ་གསུང་། ཁ་ཅིག་ལ་ཕག་མོའི་རྫོགས་རིམ་དེ་གསུང་གི་འདུག་པ་གསན་པས། ཀུ་མཱ་ར་ཤྲི་ལ་འདི་མིན་པ་ཞིག་དགོས་གསུང་ཟུར་དུ་གསན་ན་བདེ་མཆོག་རིམ་ལྔ་ལྟ་བུ་ཅིག་འོང་བ་མ་ལགས་སམ་ཞུས་པས། དེའི་ཚོད་དུ་འདུག་སྟེ་དེ་རེས་བུད་མེད་དང་སྣ་ཚོགས་ཡོད་བ་ཅིག་ལ་ཞུས། དེ་རྗེས་ཟུར་དུ་ནི་ཞུ་མ་གྲུབ་གསུང་། པཎ་ཆེན་ནི་ཐང་པོ་ཆེར་ཕེབས་ནས་ཚོགས་ཆོས་གསུངས་པའི་ཚེ་[A:87]རིན་པོ་ཆེ་བསོད་རིན་པའི་གསུང་གིས་དེ་རིང་གི་ཚོགས་ཆོས་དེའི་ལོ་ཙཱ་མཛད་པ་ཞུ་གསུང་ཡང་། དེ་བྱས་ན་ལོ་ཙཱ་བ་མཉྫ་ཤྲི་པ་ཐུགས་ལྡོག་ཞུས་ནས་མ་བགྱིས་པ་ཡིན་གསུང་། དེ་ནས་པཎ་ཆེན་རིན་པོ་ཆེ་ཁྱི་ལོ་
1442ལོ
བོད་ནས་བལ་པོར་ཕེབས་ཁར་སྣེའུ་གདོང་ནས་ཞུ་ངོ་ཞུས་ཏེ་པཎ་ཆེན་རིན་པོ་ཆེའི་གསུང་གིས་སྣེའུ་གདོང་པ་ལ་དུས་འཁོར་ཤོད་གསུང་པས། བཀའ་ལུང་སྒྲུབ་ཀྱང་དོན་དང་མི་ལྡན། ཕེབས་ཁའི་ཞལ་ཏར་སོང་བས་བཟློག་པར་མ་ཕོད་དེ། ཐུགས་མི་བདེ་བར་གྱུར་ནའང་། སྐྱེལ་ཐུང་ལ་ངམ་ཤོད་གླིང་ཆེན་ཁ་བར་དུ་བྱོན་པའི་ཚེ། ཞབས་ལ་ཕྱག་ཕུལ་ནས་ཕྱིར་ཕེབས་ཁར་བཀའ་ལུང་དེ་རིགས་ནས་སྒྲུབ་པ་ཞུ། མི་རིགས་ན་མི་སྒྲུབ་པ་ཞུ་ཞུས་པས་དེ་བཞིན་གྱིས་གསུང་བ་བྱུང་ཀྱང་དུས་འཁོར་གནང་དགོས་པ་ཡིན་གསུང་ནས་ཡང་དང་ཡང་དུ་གཙེས་པའི་འོ་རྒྱལ་བར་ཡོང་པ་ལ། བལ་བོད་ཀྱི་མཚམས་སུ་པཎ་ཆེན་རིན་པོ་ཆེས་ལོ་ཙཱ་བ་ལ་བཀའ་བཀྱོན་པའི་ཚེ། ཁྱོད་རང་སྡུག་པོ་བྱེད་ཀུམཱ་ར་ཤྲི་ཁོ་རང་ཨ་དྷི་པ་ཏིའི་བླ་མ་གྱིས་བྱས་ཀྱང་མི་བྱེད། ཁོ་རང་སྐྱིད་པོ་བྱེད་གསུང་ཟེར་བ་དང་སོར་གུད་ཀྱི་པང་ཁེབས་ཤིག་གི་གནང་བྱིན་བྱུང་བས་ཐུགས་ལྷག་པར་བདེ་བས་སྣེའུ་གདོང་ནས་ཇི་ཙམ་བཀའ་ལུང་གནང་ཡང་དུས་འཁོར་སོགས་མ་ཕུལ་ལོ། དགུང་ལོ་དྲུག་བཅུ་རྩ་ལྔ་བཞེས་པ་མེ་ཕོ་བྱི་བའི་1456ལོ
དགུན་སྟོད་གྲའི་སྨན་གཅིག་ཏུ་ཕེབས་ནས་ཆོས་རྗེ་སྨན་གཅོག་པ་ཤེས་རབ་བཟང་པོའི་དྲུང་དུ་ཞི་བྱེད་བརྒྱུད་པ་ཕྱི་མའི་ལམ་ལྔའི་དབང་དང་ཁྲིད་རྣམས་ལེགས་པར་གསན། རྟེན་འབྲེལ་ཁང་འཇུག་གི་དབང་