[B:37a] གྱི་རྩ་བ། ལྕེ་རྩེ་རྐན་སྦྱར་རྣལ་འབྱོར་ལ། རྟག་ཏུ་མཉམ་གཞག་སྒྲུབ་པ་བས། མཁའ་སོགས་དངོས་པོ་ཐམས་ཅད་ལ། སངས་རྒྱས་ཉིད་ནི་རྟག་ཏུ་སྤྲོ། ཞེས་བྱ་བ་རྒྱས་པར་གསུངས་པའི་འགྱུར་ཡང་མཛད། དེ་ནས་རིམ་གྱིས་ར་ལྔར་ཕེབས་ནས་ཡུན་རིང་བཞུགས། བདེ་མཆོག་བཅུ་གསུམ་མའི་མཆོད་ཆོག་དང་སྤྱན་རས་གཟིགས་ཀྱི་བསྟོད་པ་ཙརྤ་ཊིས་མཛད་པ་གཉིས་ཀྱི་འགྱུར་ཡང་མཛད། དེའི་ཚེ་རི་ལུང་སྦུག་གི་བླ་མ་སྐུ་ན་སྒྲེས་པ་ཞིག་འདུག་པ་དེ་ལ་ལུང་མང་དུ་བཞུགས་འདུག་པས། ཡོ་གའི་འགྲེལ་པ་མང་པོའི་ལུང་གསན་པར་[A:86]བརྩམས་པ་ན། པཎ་ཆེན་དཔོན་སློབ་ཀྱི་སྐུ་མདུན་དུ་མ་བཞུགས་པར་གཞན་དུ་བཞུགས་པ་མི་རིགས་པར་དགོངས་ནས་བཤོལ་བ་ཡིན་གསུང་ནས་རྟིང་དུའང་ཐུགས་ལ་བཅགས་པར་མཛད། དེ་ནས་རིམ་གྱིས་པཎ་ཆེན་རིན་པོ་ཆེ་སྣེའུ་གདོང་རྩེར་སྤྱན་དྲངས་རྗེས་སུ། སྒོས་ཀྱི་འབུལ་བ་དང་སྣ་ལེན་བཟང་པོ་ཞུས། དེ་ནས་ཟླ་བ་གཅིག་ཙམ་སོང་བའི་ཚེ་གོང་མ་ཆེན་པོ་ཐུགས་རང་བཞིན་དུ་མི་གནས་པའི་རྣམ་པར་འགྱུར་བ་ལ་རྟེན། སྐྱམ་འཆད་པ་སྟེངས་སུ་དབེན་པར་བཞུགས། དེ་ནས་ཟླ་བ་གཅིག་ཙམ་སོང་བ་དང་། པཎ་ཆེན་རིན་པོ་ཆེའི་ཞབས་དྲུང་ན་བཞུགས་ན་བཞེད་པ་དང་འབྱོར་བར་གསན་ནས་སྣེའུ་གདོང་རྩེར་བཞུགས། སྣང་བའི་ཕྲེང་བའི་འགྲེལ་པའི་འགྱུར་ཅིག་ཀྱང་གནང་སྟེ་འཕྲོར་ལུས། དྲིལ་བུ་རིམ་ལྔའི་ཁྲིད་བཤད་པས་ལེགས་པར་བརྒྱན་པ་ཞིག་གསུངས་པ་གསན་ནས་ཟིན་བྲིས་སུ་བཏབ། དེ་ལ་དུས་འཁོར་རྒྱུད་འགྲེལ་དང་སྦྱར་བའི་རྣམ་པར་བཤད་པ་རྒྱས་པ་ཞིག་བརྩམས་པའི་རྗེས་སུ་གནང་བ་ཡང་ལེགས་པར་ཐོབ། དེ་རེས་དང་སྔར་ཕེབས་པའི་སྐབས་ཐམས་ཅད་དུ་དང་པོར་དེ་རིང་དྲི་བ་འདི་འདྲ་བ་ཞིག་ཞུ། འདི་མ་གོ་བས་འདི་ཞུ་དགོངས་ནས་སྤྱན་སྔར་ཕེབས་པའི་