R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 38b
[B:38b] དངས་བསྐྱེད་དུ་མཐོང་བ་བྱུང་ནས་ཞོ་ཕྱེད་བཞེས་པས་ཚེགས་མེད་དུ་དངས། མནལ་ལམ་དུའང་གཤིན་རྗེ་དོང་ཁ་ཡིན་ཟེར་བ་ཅིག་ནས་ཞུགས་ཏེ་ཕེབས་པས་ཕྱིའི་རྒྱ་མཚོའི་འགྲམ་དུ་ཕེབས་པ་ཅིག་བྱུང་བས་རིང་པོར་མི་ཐོགས་པར་གཤེགས་པའི་ལྟས་སུ་དགོངས་པའི་ཕྱིན་ནུབ་མདང་གི་ཤུལ་དེ་ཁ་ན་སྐོ་བ་ཅིག་གི་ནང་ན་བཞུགས་འདུག་པ་འཐེན་མཁན་མེད་པར་མདང་གི་ལམ་དེ་ཉིད་ནས་ཚེགས་མེད་དུ་དོང་ཁར་ཐོན་པ་ཅིག་རྨིས། གཞན་ཅིག་ཀྱང་བྱུང་སྟེམི་བཤད་གསུང་། དེ་ནས་ཆུ་ཕོ་རྟའི་བར་དུ་ཟླ་བ་གཅིག་མ་གཏོགས་སྐུ་མཚམས་ལ་བཞུགས་ནས་དགེ་བའི་བཤེས་གཉེན་གསུང་གི་བདུད་རྩི་བཞེས་པར་བཞེད་པ་རྣམས་དང་མཇལ་བ་ཞིག་མཛད་པ་ཡིན་ནོ། དགུང་ལོ་བདུན་བཅུ་རྩ་བཞི་བཞེས་པ་ཤིང་མོ་བྱའི་ལོ་
1465ལོ
ལ་ཁྲབ་ལ་ཁ་ན་རྩེ་མོ་བ་ཤཱཀྱ་རྒྱལ་པོ་ཞེས་བྱ་བ་བཞུགས་པ་དེ་སྔར་དུས་འཁོར་གནང་བའི་སློབ་མ་ཡིན་ཀྱང་ཁོང་ལ་རྫོགས་ཆེན་རྡོ་རྗེ་ཟམ་པ་བཞུགས་པ་དང་ཁོང་མ་གཏོགས་གཞན་གསུང་མཁན་ཀྱང་མེད་པས་བཀའ་རྣམས་ཆད་ཀྱི་དོགས་པའི་དགོངས་པ་བཟང་པོས་ཁོང་སྤྱན་དྲངས་པས་ཚེགས་མེད་དུ་ཕེབས་ནས་ལྗང་གི་བཀྲ་ཤིས་དགོན་པར་རྡོ་རྗེ་ཟམ་པའི་དབང་བྱིན་བརླབས་ཀྱི་འཇུག་པ་ཅན། འོལ་བ་ཇོ་སྲས་ཀྱི་ཁྲིད་ཡིག་གི་སྟེང་ནས་ཁྲིད། གཞུང་བཤད་ཆེན་མོ་ཀུན་བཟང་གྱིས་མཛད་པ་ལ་སོགས་པའི་གདམས་སྐོར་ཤིན་ཏུ་མང་བ་དང་། གཞན་ཡང་སྨན་བླའི་རྗེས་གནང་། བར་དོ་གསང་སྐོར་གྱི་ཁྲིད་ཡིག་གི་ལུང་ལ་སོགས་པ་གསན། འབུལ་བ་དང་ཞབས་ཏོག་གིས་མཉེས་པར་མཛད། ཕྱིས་ཀྱང་མ་གཤེགས་བར་དུ་ལོ་རེ་[A:90]བཞིན་འབུལ་བ་ཅི་འབྱོར་རེ་མ་ཆག་པར་འཁྱོལ་བས་ཐུགས་ཀྱང་ཤིན་དུ་དགྱེས་པར་བྱུང་བ་ཡིན། དགུང་ལོ་བརྒྱད་བཅུ་རྩ་བཞི་བཞེས་པ་ཤིང་མོ་ལུག་གི་ལོའི་
1475ལོ
སོས་བདག་མདོ་ཁམས་སོགས་བསྐོར་ཏེ། སྤོ་བོ་ནས་ཀོང་པོར་སླེབ་དུས། སྔོན་ནས་ཞུ་འཕྲོད་ཀྱི་ཡིག་འབྲེལ་ཡང་ཡང་ཡོད་པ་ལ་བརྟེན་ནས། ཀོང་པོ་རབ་འབྱམས་པ་དབང་ཕྱུག་གྲུབ་པ་དཔོན་སློབ་དབུས་གཙང་དུ་འགྲོ་བར་སྣང་བ་ལ། ངེད་དབུས་ཕྱོགས་སུ་མྱུར་དུ་ཅི་སླེབ་ཀྱི་འདུན་པ་ཡོད་པས། མཇལ་སྤྲོ་བའི་ཆབ་ཤོག་ཕུལ་བ་ཕྱག་ཏུ་སོན་མ་ཐག སློབ་དཔོན་ཆེན་པོ་གཞོན་ནུ་དབང་ཕྱུག་པ་དཔོན་སློབ་ལ། དེ་ལྟ་བུའི་དགོངས་པ་ཡོད་ཕྱིན། སྔ་སོར་དྭགས་པོ་དང་ངམ་ཤཱོད་ནས་རིམ་གྱིས་ཕེབས་པ་འཐད་གསུང་བའི་བཀའ་