[B:39b] ཆུང་། མཐོང་རྒྱ་དེ་འབྲིང་ཡིན། ངའི་སློབ་གཉེར་སངས་མ་རྒྱས་ཀྱི་བར་དུ་མི་ཚར་གསུང་ནས་ཤོག་འཁྱར་ཚུན་ཆད་ལ་ཡང་ཕྱག་ཏུ་བསྣམས་ནས་ལེགས་པར་གཟིགས་པར་མཛད་པ། དེ་དག་ནི་ས་མོ་ཕག་གི་ལོ་
1479ལོ
དགུང་ལོ་གྱ་བདུན་བཞེས་པ་ཡན་གྱི་དགེ་བའི་བཤེས་གཉེན་ཇི་ལྟར་བསྟེན་ཞིང་དམ་པའི་ཆོས་གསན་པའི་རིམ་པ་ཕྱོགས་ཙམ་བརྗོད་པ་ཡིན་ནོ།
༧ རྣམ་པར་དག་པའི་དམ་ཚིག་ལ་ནན་ཏན་དུ་མཛད་པས་བླ་མ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི།
སྤྱིར་བླ་མ་དམ་པ་ཐམས་[A:92]ཅད་མཁྱེན་རྒྱ་དང་སྐུའི་སྤྱོད་ལམ་དང་ཐུགས་ཀྱི་ངང་རྒྱུད་ལ་སོགས་པའི་ཡོན་ཏན་མཐའ་དག་གི་བང་མཛོད་དུ་གྱུར་པས་ཐུགས་ལྷག་པར་དགྱེས་པ་ཡིན་མོད་ཀྱི། བྱེ་བྲག་ཏུ་བླ་མ་དམ་པ་རྣམས་ཀྱི་ཐུགས་ཅི་ཟིན་དང་ཅི་མཉེས་ལྷུར་ལེན་པ་ཡིན། ཡུལ་དུས་ཀྱིས་མ་སྐལ་བའི་བླ་མ་དམ་པ་རྣམས་ལ་དུས་དུས་སུ་ཕྱག་འབུལ་བ་དང་། ལོངས་སྤྱོད་དོན་དུ་མི་གཉེར་བས་ཕྱག་རྫས་འཛིན་པ་ཆེར་མེད་ནའང་ཅི་ཡོད་ལས་བཟང་ཤོས་འབུལ་ཞིང་ཐག་ཉེར་ཕེབས་བཞུད་ནམ་བྱུང་མཇལ་བ་འམ་ཞུ་འཕྲོད་ཐེངས་པ་ངེས་པར་མཛད་པས། གདོང་ཆུང་དུས་ནམ་དུའང་མི་མཛད་དོ། སྔ་དུས་སྐབས་ཤིག བླ་མ་རྐྱང་ཆེན་པའི་གསུང་གིས། ངའི་འཆད་ཉན་ཞིང་འདི་ངེད་རང་དཔོན་སློབ་གཉིས་ཀས་ཞུས་ནས་ཁྱེར་རང་བཟུང་བ་འཐད་གསུང་བའི་ཞལ་རྟ་བཟང་པོ་ཕེབས་པ་ལ། བདག་གིས་ཞིང་འདི་ཞུས་ན། གཞན་ཞིང་ལ་འདོད་པ་ཡོད་པ་རྣམས་ཀྱིས་སྙན་ཕྲ་ནུར་རེ་ཞུས་ནས་མཐར་དཔོན་སློབ་མཁོན་པ་ཞིག་ལས་མི་འོང་བས་ཞིང་མི་ཞུ། ཞིང་ལས་བླ་མ་དམ་པ་ཐུགས་མ་ལོག་པ་འདི་ཁ་དགའ་བར་འདུག་ཞུས་པས་ཐུགས་ཀྱིས་ལེགས་པར་དགོངས་བྱུང་གསུང་། ཕྱི་དུས་ཤིག་གི་ཚེ་རྐྱང་ཆེན་ནས་ངེད་ཐང་སྐུ་ཁ་ཡར་ཅིག་བཞེངས་ཤིང་ཡོད་པས་ཁྱེད་ཀྱིས་གསེར་ཤོག་ཁ་ཡར་ཅིག་བསྒྲུབས་ལ་བསྐུར་གསུང་བ་བྱུང་བས་ཐུགས་བག་ཕེབས་པར་གནང་བ་ཡིན་གསུང་། སློབ་དཔོན་བསམ་བཟང་པའི་ཐུགས་ལ་དང་པོར་འདིས་འཆད་ཉན་ཞིག་མཛད་པ་འདྲ་དགོངས་ནས་ཐུགས་ཅུང་ཟད་མི་དགྱེས་པ་ཞིག་བྱུང་བ་ལ་འཆད་ཉན་ལ། ཞེ་འདོད་མེད་པའི་ཞུ་རྟིང་ནས་ཕུལ་བས་དེ་ཕྱིན་ཆད་ཐུགས་ཤིན་དུ་དག་པར་བྱུང་བ་ཡིན། སློབ་དཔོན་པ་གཤེགས་དུས་སྐོར། ཉེ་གནས་