[B:41a] འགྱུར་ལེགས་པར་ཐོན། ང་ལ་རྗེའི་ལམ་རིམ་སྐུ་དྲིན་ཆེ་ཞེས་པ་དང་།དེ་རྗེས་ལྷག་མཐོང་ཆེན་མོ་གཟིགས་པས་དབུ་མའི་ལུས་དེས་རྫོགས་པ་ཡིན་ཞེས་ཀྱང་གསུང་། དེ་ནས་ལྷ་ཁང་སྟེངས་སུ་རྣལ་འབྱོར་ཡན་ལག་དྲུག་པའི་ཁྲིད་ལེགས་པར་གསན་པས་ག་རེ་ཆོས་ནས་གཟུགས་ཟེར་བ་ཅིག་བྱུང་ནའང་གཟུགས་གཅིག་ལས་མེད་པར་བསམས་འདུག ད་དེས་ཅུང་ཟད་མི་འོང་བར་འདུག གཟུགས་ཟེར་བ་འདི་གཅིག་པུ་ལའང་ཐུན་མོང་གཅིག་དང་ཐུན་མོང་མིན་པར་འདུག་བསམ་པ་ཤར། བློ་སྐྱེད་ལིངས་ཏེ་སྐྱེས་ཁམ་ཆེ་བ་དེ་གསུམ་རང་ཡིན་གསུང་ངོ་།
༡༠ མཐོ་དམན་གྱི་སྐྱེ་བོ་ཐམས་ཅད་ལ་སྔོན་ཇི་ལྟ་བ་བཞིན་དུ་འགྲོགས་པའི་གཞུང་བཟང་བ་ཞེས་པ་ནི།
དམ་པ་སངས་རྒྱས་ཀྱིས་གསུང་[A:96]ནས། འཇིག་རྟེན་མི་ཆོས་ཀྱི་ས་ན་གདོད་པ་མེད་པ་དེ་ལ་ཆོས་སྒོར་ཞུགས་ནས་དམ་ཚིག་མི་འོང་ཟེར་བ་ཡོད་གསུང་ནས། སློབ་མའི་ཕྱོགས་དང་མཆེད་གྲོགས་དང་ཡོན་བདག་ཆེ་ཆུང་ཐམས་ཅད་ཀྱི་ཐད་དུ་སྔར་འཛུམ་སྟོན་པ་ལ་ཕྱིས་ངོ་ནག་མི་སྟོན་ཏེ། ཕ་རོལ་གྱིས་ཚུར་བློས་གཏང་དེས་མ་གཏོགས་སུ་ཡང་གཏན་ནས་མི་སྤོང་། སློབ་མ་རྙིང་པ་རྣམས་ལའང་ངའི་གྲ་རྒན་ཡིན། ཁོས་ང་ལ་དཀར་བར་བྱས། ངས་ཆོས་འདི་བསྟན་པས་ཁོས་འདིགོ གཡོག་འདི་བྱས་བཅུག་པས་གོ་ཆོད་འདི་བྱས། ཡོན་བདག་འདིས་ཕན་འདི་གཏགས། ང་ལ་ཤེ་མོ་
དཔལ་འབྱོར་
ཡོད་ན་ཁོའི་ཕྱོགས་སུ་འདོན་དགོས་ཡོད། མ་ཐ་ནའང་སེམས་ཁྲལ་བྱེད་དགོས་གསུང་ནས་མི་བཟང་གི་ཡུག་རིང་དཀར་པོ་མཐའ་འཁྱོང་བ་སྐྱོང་བར་མཛད་དོ།
༡༡ མཆེད་གྲོགས་དང་སློབ་མ་དང་ཉེ་དུ་དང་འཁོར་གྱི་ཕྱོགས་སུ་བཟོད་པའི་གོ་ཆ་སྲ་བ་ཞེས་པ་ནི།
སློབ་དཔོན་ཆོས་དབང་དེ་དང་པོ་མཆེད་གྲོགས་ཡིན་ནའང་ཕྱིས་སློབ་མར་སོང་ནས་ཆོས་མང་དུ་ཉན། བར་སྐབས་སུ་ཕྱག་འབུལ་འཕྲོ་བཅད། ཡང་ཕྱག་ཕུལ་ནས་ཆོས་ཉན་པར་བྱེད་ཀྱང་ཁོ་རང་གང་བྱེད་ལ་ཁྲོ་བ་སྟོན་པར་མི་མཛད་པས་སྔར་མི་མཛད་པས་སྔར་ལྟར་འགྲོགས་ཐུབ། མཆེད་གྲོགས་ཀྱི་ཕྱོགས་ནས་བྱ་བ་སྣ་ཚོགས་བྱས་པ་དག་ཡོད་དེ། དང་པོ་ཤར་ཁང་ན་ཐུགས་སྦྱོང་པའི་ཚེ་མཚན་མོ་བཤར་སྦྱང་ཡུན་རིང་མཛད་པས། སྐུ་ངལ་ནས་བཞུགས་སྟན་ལ་ལྗིད་སྐྱུར་ནས་གཟིམས་པ་