R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 41b
[B:41b] ཕལ་ཆེབ་ལ། མཚན་མོ་ཅིག་ལ་བཞུགས་འདོད་བྱུང་བས་ཚོས་པོ་ལ་ཚ་ཙེག་པ་
མ་ཡིག་འདི་ལྟར་བྲིས་ཡོད་རང་སོར་བཞག་པས་དཔྱོད
ཞིག་བྱུང་ནས་ཕྱག་གིས་ཉུལ་བས་གྲི་གཅིག་གྱེན་དུ་[A:97]བསླང་འདུག་པ་དེ་སུས་བྱས་དགོངས་ནའང་འཁོན་དུ་འཛིན་པ་མི་མངའ་བས་འགྲོགས་ཐུབ་པ་སོགས་ཀྱིས་དཔེས་མཚོན་པར། ཆེས་ཆེ བ་དག་གིས་ཕྲག་དོག་ལ་བསྟེན་པའི་ལོག་སྒྲུབ་སྣ་ཚོགས་བྱུང་བ་ལ། ཅི་སྙམ་དུའང་མི་དགོངས་པར་དེ་ལ་ཕན་གང་ཐོགས་མཛད་པ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པར་ཐར་པ་དང་མཚུངས་པ་ཉིད་དོ། ཆོས་ཟབ་མོ་ལ་བཟོད་པ་རབ་ཏུ་ཐོབ་པ་དང། མཁྱེན་པའི་ཚད་སུས་ཀྱང་བཟུང་བར་མི་ནུས་པ་དང་། སྤོབས་པའི་མཐའ་གང་ལའང་གཏུགས་པ་མེད་པ་རྣམས། སྒྲིབ་པ་མེད་པའི་ཆོས་ཀྱི་སྒོ་ཕུལ་དུ་བྱུང་བ་མངོན་དུ་བརྙེས་པའི་ཁོངས་སུ་བསྡུས་ཤིང་། ཆོས་འཁོར་ཡང་ལྷན་ཏུ་བརྗོད་དོ། ༡༢ འཇིག་རྟེན་གྱི་གཏམ་སྣ་ཚོགས་ལ་གཙོ་བོར་མི་མཛད་པར་དམ་པའི་ཆོས་ཀྱི་འབེལ་བའི་གཏམ་ཁོ་ནས་དུས་འདའ་བར་མཛད་པ་ཞེས་པ་ནི། གཞན་ལ་བློ་གྲོས་ཀྱི་བསྐྱེད་ཐོན་ན། ངའི་འཆད་ཉན་ངོ་བོ་འདི་ལ་བྱེད་པ་ཡིན། གཞུང་བཤད་པའི་དུས་སུ་བུད་ལ་ཐལ་འགྲོ་གསུང་ནས་འབེལ་གཏམ་དེ་ཡང་། ཕ་རོལ་པོ་ཤེས་རབ་དང་ལྡན་ན། དེ་ལས་འཕྲོས་ཏེ་དཀའ་གནད་ཐམས་ཅད་ལ་དོགས་པ་བསླངས་ཤིང་གཏན་ལ་འབེབས། བློ་བརྟུལ་ཞིང་རྨོངས་པ་དག་ལའང་འཇིག་རྟེན་པའི་གཏམ་རྒྱུད་དང་སྦྱར་ནས། གོ་བ་དང་བཟུང་བདེ་བར་མཛད་པའི་ཚུལ། ཞལ་སློབ་རྣམས་ཀྱི་སེམས་ལ་རབ་ཏུ་གསལ་བར་ཡོད་དོ། ༡༣ དགེ་བའི་བཤེས་གཉེན་སུ་ལའང་ཕྲག་མི་དོག་པར་ཡང་དག་པར་བསྟོད་པ་མཛད་པ་ཞེས་པ་ནི། མཁས་པ་དང་གྲུབ་པ་དང་བཙུན་པ་[A:98]རྣམས། ལ་ལ་དབེན་པར་དགྱེས་པ་དང་། ཁ་ཅིག་གཞན་ཕན་ལྷུར་ལེན་པ་སུ་ལའང་ཁོང་ལ་འདི་ཡོད་དེ་འདི་མེད་ཅེས་བྱ་བ་ལ་སོགས་པའི་སྐྱོན་བརྗོད་མི་མཛད་པར། ཁོང་རང་ལ་གང་འདུག་གི་ཡོན་ཏན་ནས་བཟུང་ནས་བསྟོད་པ་བརྗོད་ཅིང་། མཇལ་བའི་ཚེ་ཡང་ཕྱག་འོས་པ་ལ་ཕྱག་དང་། ཞེ་ས་འོས་པ་ལ་ཞེ་ས། གདན་ཀྱིས་བསྟོད་པར་འོས་པ་རྣམས་ལའང་སྟན་