[B:48b] གཟིགས་པས། དེར་མི་གཡོ་བའི་དཀྱིལ་འཁོར་གྱི་གཙོ་བོ་ཤཱཀྱ་ཐུབ་པས་བྱས་པ་ཅིག་འདུག་པས། འདི་རང་རྒྱ་གར་མ་ཅིག་མིན་པ་འདྲ་སྙམ་དུ་དགོངས་ཏེ་ཐེ་ཚོམ་དུ་གྱུར་པ་ན། དེའི་ནུབ་མོ་མི་གཡོ་བའི་དཀྱིལ་འཁོར་གྱི་གཙོ་བོ་ཤཱཀྱ་ཐུབ་པས་བྱས་པ། རབ་ཏུ་བཀྲ་བའི་ཁ་དོག་དང་ལྡན་པ་ཞིག་གསལ་བར་གཟིགས་ཤིང་། སང་དེ་སློབ་དཔོན་ཨ་བྷ་ཡཱའི་མན་ངག་སྙེ་མ་གཟིགས་པསདེ་ན་དེའི་ལུང་ལེགས་པར་དྲངས་འདུག་པས་ཐུགས་ཀྱི་ཐེ་ཚོམ་སོལ་བར་གྱུར་པ་ཡིན་ནོ། རྒྱ་དུར་དགོན་གྱི་མཁན་སར་བཞུགས་པའི་ཚེ་མནལ་ལམ་ན། རྒྱ་རབ་ཀྱི་ཕུ་ན་ཡར་ཕེབས་པས་དེ་ན་ཁང་པ་གཅིག་འདུགདེའི་ཤར་ངོས་ཀྱི་གྲོག་པོ་ཞིག་གིས་ཁ་ན་རབ་ཏུ་བྱུང་བ་མང་པོ་འདུག་པ་ལ། ནང་དེ་ནས་འདིར་བྱོན་གྱི་བརྡའ་བྱས་བྱུང་བས། ཁོང་ཚོའི་ནང་ན་ཡར་ཕེབས་པར་བརྩམས་པའི་ཚེ་ཁྱི་མེད་དམ་དགོངས་ནས་རྟོག་ཅིང་རྟོག་ཅིང་གཤེགས་པའི་ཚེ་ལྕགས་ཐག་གི་སིལ་ཆོམ་ཆེན་པོ་གྲག དེ་ཅི་ཡིན་དགོངས་ནས་གཟིགས་པ་ན། [A:115]བྱ་རྒོད་ལྔ་ལ་ལྕགས་ཐག་བཏགས་པ་དེ་རྣམས་ཀྱང་ཁྱི་བཞིན་དུ་འཐེན་ཞིང་འདུགའདི་མཐུ་པ་ཞིག་གི་ཁྱིམ་དུ་འདུག་དགོངས་ནས་ནང་དེར་བྱོན་པ་ན། དེ་ན་དཀྱིལ་འཁོར་རྡུལ་གྱིས་ཁེབས་པ་ཅིག་གི་མཐའ་སྐོར་རྣམས་ཚོན་སྐུད་ཀྱིས་བྲེས། རྒྱུ་མའི་ལྡ་ལྡི་མང་པོ་བཟོས། གཡས་ན་གཏོར་མ་ཅིག་ལ་ཕུར་པ་ཅིག་བཙུགས་འདུག་པའི་ཞལ་འོག་མ་བཞི་ནག་པོར་ཡོད་པ། སྟེང་མ་བཞི་སེར་པོར་ཡོད་པ། དཀྱིལ་འཁོར་དེའི་གཡོན་ན་གཏོར་མ་ཅིག་ལ་མདའ་དར་བཙུགས་པ་ཅིག་གཟིགས། དེ་ནས་སྐས་ཤིག་སྣང་བ་ལས་སྟེང་དུ་གཤེགས་པ་ན་རབ་གསལ་འདྲ་བ་ཞིག་ན་ང་ཅིའི་བླ་མ་བ་དེ་འདེ་འདུག དེ་ལ་ཟླ་བོ་གཞན་ཡང་འདུག་པས་གདན་ཅིག་བཤམས་སྣང་བ་ལ་བཞུགསཟེར། དེར་བཞུགས་པ་དང་བླ་མ་དེས་མི་གཅིག་ལ་མིག་གིས་བརྡ་བྱེད་ཅིང་འདུག་པས་མི་དེས་སྟེའུ་དང་སོག་ལེ་ཅིག་ཁྱེར། རྟ་ལ་འཇུག་པའི་ལྕགས་འདྲ་བ་ཞིག་ཀྱང་ཁྱེར་ནས་ལྕགས་དེ་ཕྱག་གཉིས་ལ་འཇུག་ཚིས་བྱེད་ཅིང་ཨེ་རན་བལྟ་ཞིང་འདུག་པས་ཕྱག་སྦོམས་ནས་མ་འགྲིགས་པ་ལ་སྟེའུས་གཞོག་རྩིས་བྱས་པས། ཤོག་ཟེར་བས་ཟ་མ་ཅིག་འདྲེན་ལ་