R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 49a
[B:49a] ཆེ་བསམ་ནས་འོངས་པ་ཡིན་གསུང་པས། དེ་བདེན་དྲོངས་ཟེར་བ་དང་། ཅིག་གིས་ཟན་ཧྲིལ་ཅིག་དང་མར་དྲངས་བྱུང་བས། འདི་ངན་བྱེད་གཅིག་ཏུ་འདུག་དགོངས་ནས། ཁྱོད་ལ་ཕྱག་བཙལ་ནས་ཟ་མ་ཟ་བ་ཡིན་གསུངས་ཤིང་། སྐུ་གསུང་ཐུགས་བྱིན་གྱིས་རློབས་པའི་ཡི་གེ་རྣམས་གནས་རྣམས་སུ་བཀོད་ནས་ཡར་བཞེངས་ཏེ་ཁོ་ལ་ཕྱག་གཉིས་འཚལ། གསུམ་པའི་སྐབས་སུ་ན་མོ་བུབྷཱ་ཡ་གསུང་བ་དང་ཕྱག་གཉིས་ཞབས་གཉིསཀྱི་བརླ་ལ་བརྡེགས་པ་དང་ལྷན་དུ་ནམ་མཁའ་ལ་འཕུར་ཏེ་རབ་བྱུང་དེ་རྣམས་ཀྱི་ཁྲོད་དུ་ཕེབས་ནས། འདི་བླ་མ་ཅིག་ཡིན་ལ་ཆེ་བསམ་བྱུང་བ་ཡིན་ཏེ། མཐུ་པ་ཅིག་ཏུ་འདུག་པས་ཐམས་ཅད་ཀྱིས་རྡོ་རྒྱབ་གསུངས་པས་ཐམས་ཅད་ཀྱིས་[A:116]རྡོ་འཕངས་ནས་ཁོ་འབྲོས་དགོས་པ་ཞིག་བྱུང་། དེ་རེས་ཀྱི་བྱད་ཁ་དེ་དེས་བཟློག་པ་ཡིན་པར་འདུག་གསུང་། རེ་ཞིག་གི་རྨི་ལམ་དུ་སྤྱན་གཡས་ཀྱི་ལྕགས་རིའི་བྱང་སྒོ་དེ་ལ་ཕྱིར་འཐོན་ནས་གཤེགས་པ་ན། སྒོ་དེའི་ཕྱི་རོལ་གྱི་རྡོ་ཁྲོད་རྣམས་ལ་ཡུངས་ཀར་དང་སྲན་མ་བསྲེས་པ་མང་དུ་གཏོར་འདུག་པས་འདི་ལ་འགྲོ་བར་མི་བཟོད་པས་འགྱེལ་འོང་ངམ་དགོངས་པའི་མོད་ཁོ་ན་ལ། སྐུ་ལུས་འགྱེལ་བ་དང་དུས་མཉམ་དུ་ཕྱོགས་བཞི་ནས་བུད་མེད་སྐྲ་སྦོདདེ་བ། མོན་པའི་གོས་གྱོན་ནས་རབ་ཏུ་བརྗེས་པ། འདོམས་དཀྲིས་ཅུང་ཟད་རེ་ཡོད་པ་བཞི་ཧབ་བརྒྱུགས་སུ་བྱུང་ནས་ཧབ་ཤ་ཟེར། མཁན་ཆེན་རིན་པོ་ཆེ་ལས་ཀྱི་རྡོ་རྗེ་ལ་སྐྱབས་སུ་མཆིའོ་གསུངས་པས་དེ་རྣམས་ཤིན་ཏུ་སྐྲག་ནས་གར་སོང་ཆ་མེད་པར་ཐ་ཐོར་ལ་སོང་གསུང་། དེ་བཞིན་དུ་ནུབ་ཅིག་མནལ་ལམ་ལ། སྐུ་ལུས་སྒྲོ་བ་ཆེན་པོའི་ནང་དུ་བཅུག་སྟེ་ཁ་བཀྱིགས་བྱུང་བ་ན། འདི་སུས་བྱས་པ་ཡིན་གསུངས་པས་གཅིག་ན་རེ། ཆེ་སས་བྱས་པ་ཡིན་ཟེར། དགོངས་པ་ལ། ད་འདི་ནས་མི་ཐར་བས་ཤི་བ་ལས་འོས་མེད་དགོངས་ནས་བཟང་པོ་སྤྱོད་པའི་སྨོན་ལམ་ཞིག་གསུངས་པ་ན། བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། ཞེས་གསུངས་པའི་སྐབས་སུ་རྐྱལ་པ་ཞབས་རང་རྡོལ་ནས་ཐོན་པར་གྱུར་ཏོ། སྐབས་ཅིག་རྩེ་ཐང་གི་བསམ་གཏན་གླིང་དུ་བཞུགས་དུས། མནལ་ལམ་ན། སྤྱན་གཡས་