[A:98]ཅད་འོད་ཟེར་དཀར་དམར་ཤར་སྟེ་བྱོན། ལྷའི་རྒྱུ་ལ་ཐིམས་སོང་བས། རྒྱལ་པོའི་དགོངས་པ་ལ། ངའི་ཡི་དམ་འདི་ལ་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བྱིན་རླབས་མཉམ་པ་ཞིག་ཡོང་བ་འདུག་པ་ཤིན་ཏུ་ལེགས། དེ་ཡང་བོད་ཁ་བ་ཅན་པའི་ལྷ་སྐལ་ཐུགས་རྗེ་ཆེན་པོ་རིགས་ལྔ་བཅུ་རྩ་གཅིག་གི་ནང་ནས། གང་བཞེངས་ན་དྲགས་དགོངས་པ་ལ། སང་ནམ་ལང་ཙ་ན། དབུའི་སྔས་ཁ་ན་རྒྱལ་པོ་རང་དང་སྐུ་བོང་མཉམ་པའི། བཅུ་གཅིག་ཞལ་ཞིག་རང་བྱོན་དུ་འདུག་པས། ཤིན་ཏུ་ལེགས་ནའང་། ཙན་དན་གྱི་སྐུ་རང་བྱོན་འདི་དང་། མཆོད་སྡོང་འདི་གསུམ་ལྷའི་ཁོང་སྙིང་དུ་བཞུགས་པ་ཞིག་བྱེད་དགོས་བསམ་པ་ཡིན་ཏེ། གསུངས་པ་དང་ལྷ་སྐུ་རང་གི་ཕྱག་གཉིས་གྱི་རང་གི་ཤམ་ཐབས་པུས་གོང་དུ་བརྫེས་ཏེ། ཞབས་གཡས་པའི་མཐིལ་ནས་འོད་ཟེར་འཕྲོས། ཙན་དན་གྱི་སྐུ་དང་མཆོད་སྡོང་གསུམ་པོ་སྤྱན་དྲངས། ཐུགས་ཀར་བཞུགས་པའི་སྐུ་ཤིན་དུ་སྤྲམ། ཨ་མི་དྷེ་ཝ་ཡང་གཡོན་གྱི་ཕྱོགས་སུ་ཡོ། ཞབས་སྔར་ཤུལ་དུ་བྱོན་ཀྱང་། ཤམ་ཐབས་པུས་གོང་དུ་ལུས་ཏེ། ཆགས་པས་རྒྱལ་པོ་ཤིན་ཏུ་ངོ་མཚར་ཅིང་དགྱེས་པར་གྱུར་ཏོ། །དེར་རྟིང་རྒྱལ་པོས་ཡི་དམ་ལ་གསོལ་བ་བཏབ་པས། ཞལ་དབུས་མ་ནས་འོད་ཟེར་བྱུང་། ལྷོ་ནུབ་ལ་ཝ་བ་ཚལ་དུ་དུག་གི་སྡོང་པོ་ལ་ཕོགདེ་འཐོར་བས་འདྲེ་སྲིན་གྱི་བདུད་དཔུང་བཤིག འོད་ཟེར་ཕྲག་པ་ལ་ཕོག་པས། ཁ་སར་པ་ཎི་དང་། རྟ་མགྲིན། ཨ་མི་དེ་ཝ་རྣམས་ཀྱི་སྐུ་དོད་འདུག་པ་བཞིན་འབུར་དུ་བརྐོས་ཡོད་ཅིང་། བྲག་ལྷ་ཅན་གདོང་ཞེས་པར་གྲགས་སོ། །འོད་ཟེར་དེ་ནུབ་ཕྱོགས་བྲག་ལྷ་ཀླུ་ཕུག་གི་མ་མོའི་ཉལ་ས་ཕྲོགས། རྒྱལ་པོས་སྤྲུལ་པ་བཀྱེ་ནས། ཕྱག་སྟོང་སྤྱན་སྟོང་གི་བཟོ་མཛད། བལ་པོའི་ལྷ་བཟོ་བས་ལོ་ཀེ་ཤྭ་རི་དང་།