R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 99
[A:99]ཁ་སར་པ་ཎི། དབྱངས་ཅན་མ་འོད་ཟེར་ཅན་མ་རྟ་མགྲིན་བདུད་རྩི་འཁྱིལ་བ་རྣམས་བཞེངས་སྟེ། གཙོ་འཁོར་དགུ་བཞུགས་སོ། །དེ་ནས་ཇོ་མོ་རུ་ཡོང་བཟའ་རྒྱལ་མོ་བཙུན་གྱི། མ་མོའི་ཉལ་སར། བཅོམ་ལྡན་འདས་རྣམ་སྣང་ཀུན་དུ་འོད་ཀྱི་ཞལ་བྲག་ལ་འབུར་དུ་དོད་པར་བཞེངས། ཕོ་བྲང་གི་ལྷོ་ནུབ་བཙན་གྱི་རྒྱུག་སྲང་ཡོད་སར། མཆོད་རྟེན་ཀེ་རུ་བརྩིགས། ཀླུའི་ཕོ་བྲང་སྟེང་གི་གསེར་གྱི་ལྷ་ཤཱཀྱ་མུ་ནེས་མནན་ཟིན། རྒྱལ་པོས་ཕྱོགས་བཞི་དང་། ས་དགྲ་བརྒྱད་མནན། བཀྲ་ཤིས་པའི་རྟགས་བརྒྱད་པོ་གསལ་བར་བྱས་པ་ནི། གནམ་ལ་འཁོར་ལོ་རྩིབས་བརྒྱད་ས་ལ་པདྨ་འདབ་བརྒྱད་ཀྱི་བར་ན། ཧན་དཀར་སྟག་མོའི་རི་ལ་གདུགས་ཡོད། ར་ཀའི་བྲག་ལ་ཉ་ཡོད། རྫོང་ཙན་གྱི་བྲག་ལ་བུམ་པ་ཡོད། གྲིབ་སེ་སྒྲོམ་ན་དུང་ཡོད། ཡུགས་མའི་ཟུར་ན་རིན་པོ་ཆེ་དཔལ་བེའུ་ཡོད། བཤུན་གྱི་རི་ལ་རྒྱལ་མཚན་ཡོད། དེར་རྟིང་ཡོན་ཏན་ཐམས་ཅད་ཐོན་པས། ར་སའི་ལྷ་ཁང་རྩིག་ཏུ་བཏུབ་པར་མཁྱེན་ནས་བོད་ཁ་བ་ཅན་དུ་ལེགས་སོ་ཅོག་འཕེལ་ཅིང་། ཉེས་སོ་ཅོག་སྒྲིབ་པའི་ཕྱིར་དུ། རྒྱལ་པོས་སྤྲུལ་པ་ལྔ་སྟོང་བཀྱེས་ནས་ལྷ་ཁང་བཞེངས། བཙུན་མོ་དམ་པ་བལ་བཟའ་ཁྲི་བཙུན་གྱིས་ར་ས་འཕྲུལ་སྣང་། རྒྱ་བཟའ་ཀོང་ཇོས་རྒྱ་སྟག་ར་མོ་ཆེ། ཞང་ཞུང་བཟའ་ལི་ཏིག་སྨན་གྱིས། ཁྲམ་བུ་ལྐོག་མ། རུ་ཡོང་བཟའ་རྒྱལ་མོ་བཙུན་གྱིས། བྲག་ལྷ་ཀླུ་ཕུག མོང་བཟའ་ཁྲི་ལྕམ་གྱིས། ཡེར་བའི་ལྷ་ཁང་རྣམས་བཞེངས་སོ། །ར་སའི་གཙུག་ལག་ཁང་བཞེངས་ནས་ལོ་གསུམ་ལོན་ཙ་ན། བོད་འབངས་བྱིན་པོས་ནམ་ཟླ་དུས་བཞིའི། རྩིས་མ་ཤེས་ཤན་མ་ཕྱེ་བ་ལ། རྒྱལ་པོས་དགོངས་པ་ལ་ངས་ཆོས་འཇིག་རྟེན་གྱི་ཁྲིམས་འཆོས།བོད་འབངས་དགེ་ལ་སྐུལ་ཐུབ་པ་བྱུང་ནའང་། འཇིག་རྟེན་པའི་རྣམ་རྟོག་གི་དྲ་བ་