[A:114] བར་པ་རལ་པ་ཅན་ནི་མེས་ཁྲི་སྲོང་ལྡེ་བཙན་འཁྲུངས་ནས། ལོ་བདུན་ཅུ་དོན་དྲུག་སོང་བའི། མེ་ཕོ་ཁྱི་ལོ་ལ་འུ་ཤང་རྡོར་སྐུ་འཁྲུངས་ལོ་བཅུ་གཉིས་པའི་དུས་བློན་པོ་རྣམས་གྲོས་བྱས་ནས། རྒྱལ་སར་བསྐོས་སྲིད་ལོ་ཉི་ཤུ་རྩ་བཞིའི་བར་ལ་བཟུང་། བླན་པོ་བྲན་ཁ་དཔལ་ཡོན་དང་། འབྲོ་ཁྲི་བཟུང་རམས་ཤགས། འདྲེ་ཁྲི་རྗེ་སྟག་སྣང་གསུམ་གྱི་བྱས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་ལནྡྲ་བོ་དེ་པྲ་ཛྙ་དྷེ་བ། ཤིནྟིང་གར་བྷ་རྣམས་སྤྱན་དྲངས། ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པ་མང་པོས་དག་ཐེར་ལེགས་པར་མཛད། སྔར་མ་བསྒྱུར་བ་རྣམས་ཀྱང་བསྒྱུར། འུ་ཤང་རྡོར་དཔལ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་རྒྱ་ཕིབས་དགུ་བརྩེགས་ཁྱུང་ནམ་མཁའ་ལྡིང་བ་འདྲ་བ་བཞེངས། ཡབ་མེས་ཀྱི་གཙུག་ལག་ཁང་བཞེངས་པར་དམ་བཅས་ནས། མ་འབྱོངས་པ་རྣམས་གསོས། རྒྱ་ནག་རི་བོ་རྩེ་ལྔར་ལྷ་ཁང་དང་། ཤ་ཆུ་སྡོང་བཙན་གྱི་མཚོ་དཀྱིལ་དུ། ལྕགས་ཀྱི་སྡོང་པོའི་སྟེང་དུ། སངས་རྒྱས་སྟོང་གི་ལྷ་ཁང་དང་། གླང་ཡུལ་དུ། རིང་པོ་གསུམ་པར། སླེའུ་འཕྲུལ་གྱི་ཀྲེའི་དང་འོག་ཏུ། ཀ་བྲག་དཀོན་མཆོག་འབྱུང་གནས། འོ་དུ་བྱམས་ཆེན་ལྷ་ཁང་། ཉང་རོ་རྩིག་སྣ་གསར་དུ་ལྷ་ཁང་ཁྲབ་སྒོ་ཅན་རྣམས་བཞེངས། བཙུན་མོ་ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་ལས། བཙན་ཐང་གཡུའི་ལྷ་ཁང་དང་། ཉ་བཟའ་མཆོག་ལྷ་མོས། སྨོན་འགྲོ་སྟག་མཚལ་གྱི་ལྷ་ཁང་བཞེངས། གཅེན་དར་མས་འདྲེའི་ལྷ་ཁང་དང་། དེའི་གཅེན་མོ་བཙན་པོ་འཕན་གྱི། ཡར་ཀླུངས་སུ་དཔག་བསམ་ལྗོན་ཤིང་དང་། ཕུག་པོ་ཆེའི་ལྷ་ཁང་དང་། མཁས་བཙུན་སྔགས་པ་དང་། བཙུན་ཆེན་རྣམས་ཀྱི། བྲག་ལྷ་མགོན་པོ་དང་། ཡེར་པ་ཡང་གཡན་དང་། ཉང་ཏིང་འཛིན་བཞིའི་ལྷ་ཁང་དང་། བྲན་ཀ་དཔལ་