[A:7]བའང་བྱུང་། དེ་རྟིང་བོད་རྒྱལ་གྲི་གུམ་བཙན་པོའི་སྲས། བར་པ་བྱ་ཁྲིས། སྤུ་བོ་བྲག་ཐོག་ཏུ་བྱོན། སྤུ་བོའི་རྗེ་མཛད། རྟིང་ལ་ཡར་གདན་དྲངས། སྤུ་དེ་གུང་རྒྱལ་བྱ་བར་མཚན་གསོལ། བོད་ཀྱི་རྒྱལ་པོར་བསྐོས། དེའི་མངའ་ཞབས་སུ་གྱུར་ཕྱིན་ན། སྤུར་རྒྱལ་བོད་ཀྱི་ཡུལ་བྱ་བ་འདི་བྱུང་བར་གདའོ། །རྒྱ་དཀར་པོའི་ཡུལ་དེ། དར་དཀར་གྱི་ཡོལ་བ་བརྐྱངས་པ་དང་འདྲ། རྒྱ་ནག་པོའི་ཡུལ། མཁྲིས་པ་གཅོང་ལ་བསྐྱུར་བ་དང་འདྲ། བལ་པོའི་ཡུལ་གཞོང་པ་དང་འདྲ་བ། ཞང་ཞུང་ཡུལ་བཤང་ཁའི་སྦུབས་འདྲ། ལྷོ་ཁ་བཞི་ར་སྐོར་འདྲ། ཀོང་པོའི་ཡུལ་བྲེ་འདྲ། བོད་ཟལ་མོའི་སྒང་འདྲ་བ་ཟེར་བ་རྒྱལ་རབས་ཁུགས་པ་ཐུགས་རྗེ་ཆེན་པོའི་ཡང་ཏིག་ལས་གསུངས་སོ། །འཛམ་བུ་གླིང་ན་རྒྱལ་ཁམས་ཆེ་ཆུང་བཅུ་གསུམ་ཡོད་པའི། མི་དངོས་ཅན་གྱི་འཛིན་པ་ལྔ་ནི། རྒྱ་གར་ཆོས་ཀྱི་རྒྱལ་ཁམས། རྒྱ་ནག་རྩིས་ཀྱི་རྒྱལ་ཁམས། སྟག་གཟིག་ནོར་གྱི་རྒྱལ་ཁམས། ཁྲོམ་གེ་སར་དམག་གི་རྒྱལ་ཁམས། བོད་ཡུལ་ཁ་བ་ཅན་གྱི་རྒྱལ་ཁམས་དང་ལྔའོ། །མི་མ་ཡིན་པས་འཛིན་པའི་རྒྱལ་ཁམས་བརྒྱད་ནི། ཨོག་མ་སྦལ་འབྱར་རྒྱལ་ཁམས། ཐེ་རིངས་མིག་གིས་རྒྱལ་ཁམས། སྐྱེར་ཆབ་སྨེ་ཤ་ཅན་གྱི་རྒྱལ་ཁམས། སོག་པོ་སྤྲེའུ་ལག་ཅན་གྱི་རྒྱལ་ཁམས། རྒྱ་མོ་ཁྱི་ཁྱོ་ཅན་གྱི་རྒྱལ་ཁམས། ཚེ་ཚེ་ར་མགོ་ཅན་གྱི་རྒྱལ་ཁམས། སྣ་བོ་ཆེ་བོང་བུའི་རྒྱལ་ཁམས། ཙུ་ཏ་རྐང་གཅིག་པའི་རྒྱལ་ཁམས་དང་བརྒྱད་དོ། །ཞིབ་པར་ཕྱེ་ན། འཛམ་བུ་གླིང་པ་ལ། མི་རིགས་མི་འདྲ་བ་སུམ་བརྒྱ་དྲུག་ཅུ། སྐད་རིགས་མི་གཅིག་པ་བདུན་བརྒྱ་ཉི་ཤུ། ལུས་ཀྱི་རྣམ་འགྱུར་མི་འདྲ་བ་བཅུ་བདུན། རུས་པ་ལྕེས་འགྱུར་ཚད་གཅིག མིང་ཁ་ནས་ཐོན་ཚད་གཅིག་ཡོད་