R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 120
[A:120]དབུས་ནས་ཀླུ་མེས་ཤེས་རབ་ཚུལ་ཁྲིམས། འབྲིང་ཡེ་ཤེས་ཡོན་ཏན། གཙང་ནས་ཚོང་བཙུན་ཤེས་རབ་སེང་གེ ལོ་སྟོན་རྡོ་རྗེ་དབང་ཕྱུག་དང་བཞི་པོས། བླ་ཆེན་དངོས་ལ་སྡོམ་པ་བླངས། རྦ་བཙུན་བློ་གྲོས་དབང་ཕྱུག་དང་། རཀྴི་ཚུལ་ཁྲིམས་འབྱུང་གནས། སུམ་པ་ཡེ་ཤེས་འབྱུང་གནས་གསུམ་པོས། གྲུམ་སྣུབས་གཉིས་ལ་སྡོམ་པ་བླངས་ཏེ། དེ་རྣམས་ལ་རྦ་རག་གཉིས་པོ་གཅིག་ཏུ་དྲིལ་བས། མི་དྲུག་ཟེར་རོ། །ཡང་དབུས་པ་གསུམ་དང་། གཙང་པ་གསུམ། གཙང་མིན་དབུས་མིན་གཅིག་དང་། མི་བདུན་ཟེར་བ་ཡང་འདུག ཡང་དབུས་གཙང་གི་མི་བཅུར་བྱེད་པ་ཡང་ཡོད་པ་ནི། ཀླུ་མེ་ཤེས་རབ་ཚུལ་ཁྲིམས། འབྲིང་ཡེ་ཤེས་ཡོན་ཏན། ཀླན་ཤེས་རབ་འབར། རྦ་བློ་གྲོས་དབང་ཕྱུག རཀྴི་ཚུལ་ཁྲིམས་འབྱུང་གནས་རྣམས་ལ་དབུས་པ་མི་ལྔ་དང་། ལོ་སྟོན་རྡོ་རྗེ་དབང་ཕྱུག ཚོང་བཙུན་ཤེས་རབ་སེང་གེ ཨུ་པ་ལྟེ་དཀར། འོ་བརྒྱད་སྤུན་གཉིས་རྣམས་ལ། གཙང་པ་མི་ལྔ་ཟེར་བ་འདུག་པ་། རིམ་པ་བཞིན། ཕྱིན་པས་མང་དུ་སོང་པ་ཡིན་ནམ་སྙམ། གང་ལྟར་ཡང་ཁོང་རྣམས་ཀྱི་སྡོམ་པ་བླངས་ཆོས་མང་དུ་ཞུས་ནས། ཡར་ཡོང་དུས་བླ་ཆེན་གྱི་ཞལ་ནས། ཀླུ་མེས་བཙུན་པས་མཁན་པོ་གྱིས། ལོ་སྟོན་མཐུ་ཆེ་བས་བསྟན་པ་སྲུངས་ཤིག ཚོང་དགེ་བློ་རྣོ་བས་སྟོན་པ་གྱིས། འབྲིང་ཁ་བཀོད་མཁས་པས་གཞི་ཟུང་། ཐམས་ཅད་ཀྱི་བསྟན་པ་དར་བའི་ཁུར་ཁུར་གསུངས་ནས། བརྫངས་པ་བཞིན་ཁོང་རྣམས་ཡར་སླེབས་ནས། རྒྱལ་པོ་དང་མཇལ། བྱ་དགའ་དང་བཀུར་སྟི་ཆེན་པོ་བྱས་ནས། ཐོག་མར་ཐམས་ཅད་འཛོམས་ནས། མྱང་སྨད་རྒྱན་གོང་གི་ལྷ་ཁང་བཞེངས། དེ་རྟིང་དབུས་གཙང་གི་ཆར། རང་རང་སོ་སོ་ནས་ཁས་ལེན་བྱས་པའི་གཙུག་ལག་ཁང་མང་དུ་བཞེངས། དགེ་འདུན་གྱི་སྡེ་བཙུགས། དམ་པའི་ཆོས་