R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 122
[A:122]འཁྲུངས། ཡབ་མེས་ཀྱི་མཛད་སྤྱོད་ངན་པ་བོར་ནས། མྱང་སྨད་སྒྲོལ་བུའི་སྨན་ལུང་ལ་སོགས་གཙུག་ལག་ཁང་བརྒྱད་བཞེངས། བློན་པོ་སྤྱང་རྒན་ཨ་པོ་དང་། འབྲོ་གཙུག་དགྲ་ལྷ་ལྡོང་གིས་བྱས། སུམ་ཅུ་རྩ་གསུམ་པ་ལ། གཉགས་སྟག་རྩེ་བས་ཡར་ཀླུངས་ཤོར་པོར་བཀྲོངས་སོ། །འདི་པ་དང་ཡུམ་བརྟན་གྱི་སྲས། ཁྲི་ལྡེ་མགོན་གཉན་དང་། ཚ་བོ་རིག་པ་མགོན་གྱི་རིང་ལ། ས་མོ་གླང་ལ་ཁེངས་ལོག་དང་། བང་སོ་བཤིག་པ། སྐུ་མཁར་རྩེ་ནས་འབེབས་པ་ལ་སོགས་བྱུང་བར་བྱེད། དེའི་བཙུན་མོ་ཚེ་སྤོང་བཟའ་དཀར་རྒྱལ་གཡོ་རུར་བཞག་པའི་སྲས་སྐྱིད་ལྡེ་ཉི་མ་མགོན། ཆུན་མ་དབའ་བཟའ་འཕེན་རྒྱལ། དབུ་རུར་བཞག་པའི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ལོ། །དེ་གཉིས་ཀྱི་སྲིད་ཕལ་ཆེ་བ་ཡུམ་བརྟན་ཚང་གིས་ཁྱེར་བས། སྐུ་མཆེད་གཉིས་རིམ་པས་མངའ་རིས་སྟོད་ཕྱོགས་ལ་བྲོས་སྟེ་ཉི་མ་མགོན་ལ། སྲས་དཔལ་གྱི་མགོན་དང་། བཀྲ་ཤིས་མགོན། ལྡེ་གཙུག་མགོན་རྣམས་བྱུང་བ་ལ། སྟོད་ཀྱི་མགོན་གསུམ་ཟེར་རོ། །ཡབ་སྐྱིད་ལྡེ་ཉི་མ་མགོན་གྱི་སྔོན་མ་བྱོན་ནས། སྟོད་ཡུལ་རྣམས་མངའ་འོག་ཏུ་བསྡུས་པས། ཕྱི་མ་ལ་མངའ་རིས་ཟེར་ཅིང་། སྲས་ཆེ་བས་མར་ཡུལ་དང་། ནུབ་རལ་ལ་མངའ་བྱས། བར་པས་ཞང་ཞུང་དང་སྤྱི་ཅོག་གཉིས། སྙི་གོང་རུ་ཐོག་གཉིས། པུ་རངས་པ་དང་ཡ་ཚེ་གཉིས། དྲུག་ལ་མངའ་བྱེད། ཆུང་བས་གར་ཞ་དང་། ཟངས་དཀར་ལ་མངའ་བྱེད་དུ་བཅུག དེ་ནས་མངའ་རིས་སྐོར་གསུམ་དུ་གྲགས་སོ། །བཀྲ་ཤིས་མགོན་སྐུ་མཁར་ཉི་ཟངས་སུ་བཞུགས་སོ། །སྲས་འཁོར་རེ་སྲོང་ངེ་གཉིས། འཁོར་རེའི་སྲས་ན་ག་རཱ་ཛདང་། དེ་བ་རཱ་ཛའོ། །ཡབ་འཁོར་རེའི་སྐུ་ཚེ་སྨད་ལ་ཡབ་མེས་ཀྱི་ཡིག་ཚང་གཟིགས་པས་ཐུགས་སྐྱོ་ནས། གོང་མའི་ཕྱག་སྲོལ་བཞིན། སངས་རྒྱས་