R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 123
[A:123]ཀྱི་བསྟན་པ་དར་བར་བཞེད་པ་ལ། རབ་ཏུ་བྱུང་བའི་མཁན་པོ་མེད་པར་རྟེན་གྱི་དྲུང་དུ་བསླབ་ནོས་ཏེ། མཚན་ཡང་ལྷ་བླ་མ་ཡེ་ཤེས་འོད་ཅེས་བྱ་བ་ནི། འཇམ་དཔལ་རྩ་རྒྱུད་ནས་ལུང་བསྟན་པ་ལྟར་རོ། །དེས་མཐོ་ལྡིང་གསེར་གྱི་ལྷ་ཁང་བཞེངས། སྲས་གཉིས་ཀྱང་རབ་ཏུ་བྱུང་ཏེ། ཞི་བ་འོད་དང་བྱང་ཆུབ་འོད། ཡབ་སྲས་དེ་གཉིས་ཀྱི་ཡ་རབས་ཀྱི་ཁྱེའུ་བློ་རྣོ་བ་ཉི་ཤུ་རྩ་གཅིག་རབ་ཏུ་བྱུང་ནས། །ཁ་ཆེར་ཆོས་འཚོལ་བ་ལ་བཏང་བས། གཞན་བཅུ་དགུ་ཚད་པས་ཤི། མདོ་སྡེ་ལས་ལུང་བསྟན་པའི་གཡས་རུ་གཞུང་པ། ལྷུང་བཟོར་རིན་ཆེན་བཟང་པོ་ལ། དགེ་སློང་བྱའི་གདོང་པ་ཅན་དུ་གྲགས་པ་དེ་ལོ་ཆེན་དང་། ཡར་འབྲོག་མཚོའི་འགྲམ་པ། རི་ནང་པ་ལེགས་པའི་ཤེས་རབ་ཀྱི་ལོ་ཆུང་དུ་གྱུར་པ་དེ་གཉིས་ཀྱིས་ལོ་ཙཱ་དང་ཆོས་མཁས་པ་ལོབས་ནས་ཚུར་སླེབས། ལྷ་བླ་མ་ལ་ད་ལྟ་རྒྱ་གར་ཤར་ནུབ་ཀུན་ན། ཇོ་བོ་དི་པཾ་ཀ་ར་ཤྲཱི་ཛྙ་ན་ལས་ལྷག་པ་མི་འདུག་ཞུས་པས། ཅིས་ཀྱང་གདན་འདྲོངས་པ་ཞིག་བྱེད་གསུངས་ནས། གཙང་སྟག་ཚལ་བས་ལོ་ཙཱ་བ་རྒྱ་བརྩོན་སེང་དང་ནག་ཚོ་གཉིས། འཁོར་མང་པོ་དང་བཅས་ནས་ཐེབས་སུ་བཏང་།ལྷ་བླ་མ་རང་གི་ཀྱང་རྒྱལ་སྲིད་གཅུང་ལ་གཏད་ནས། པཎྜི་ཏ་སྤྱན་འདྲེན་པའི་ཆ་རྐྱེན་གྱི་གསེར་འཚོལ་བ་ལ། རྒྱ་གར་མཐའ་འཁོབ་ལ་བྱོན་པས་མུ་སྟེགས་རྒྱལ་པོས་བཙོན་དུ་བཟུང་། དེ་བླུ་བའི་རྩིས་ཀྱི་བོད་འབངས་བྱིན་པོ་ལ། སྲས་གཉིས་པོས་གསེར་བསྡུས་པས། སྐུ་ལུས་དང་མཉམ་པའི་གསེར་འདུས་ནའང་། དབུ་ཙམ་ཞིག་མ་བྱུང་བ་ལ་རྙེད་ནས་ལྷ་བླ་མ་མུ་སྟེགས་པས་བཀྲོངས། ཞལ་ཆེམས་ལ་ཁྱེད་རྣམས་ཀྱི་བྱེད་ལུགས་དེ་ཀ་ཡིན་ཏེ། ང་བླུས་ཀྱང་ང་རྒས་པས། སེམས་ཅན་ལ་ཕན་མི་ཐོགས། གསེར་རྙེད་པ་རྣམས་ཀྱིས་ཇོ་བོ་དང་། པཎྜི་ཏ་མཁས་པ་