R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 128
[A:128]རྒྱལ་བ་འོད་ལ་ཐུག་པ་སྟེ། གཙང་གྲོམ་པ་རྒྱང་མྱང་སྟོད་ན་ཡོད་པ་རྣམས་སོ། །འོད་ལྡེའི་རྒྱུད་གཙང་གཡས་རུ་ན་ཡོད་དེ། སྐྱིད་མཁར་བཙད་པོ་ལ་ཐུག་ཅིང་། ཤར་ཙོང་ཁའི་རྒྱལ་པོ་གཅེན་མངའ་འོད་ཆེན་ལ་སོགས་པ། མདོ་སྨད་ཀྱི་རྒྱལ་རྒྱུད་རྣམས་ཀྱང་ཡིན་ནོ། །མངའ་བདག་ཁྲི་ཆུང་གི་རིང་ལ། ཡར་ཀླུངས་སུ་བྱོན་ཏེ། དེའི་རྒྱུད་དབུས་ཀྱི་བཙད་པོ་འོད་སྲུང་པ་རྣམས་ཡིན་པ། དེའི་སྲས་འོད་སྐྱིད་འབར། དེའི་སྲས་བདུན་གྱི་ཆེ་བ། ཞང་རྗེ་ཚ་ཁྲི་ལྡེ་འབར། གཙང་པ་ཚ་དྲུགཁྲི་ལྡེ་འབར་ལ་སྲས་དྲུག་གི གཡུ་ཐོག་པའི་རྒྱུད་སྣ་མོ་བ། འཕྱིང་ང་པ། དོན་མཁར་པ། ཐང་འཁོར་བ་རྣམས་ཡིན་ནོ། །བྱེ་ཆུང་ལྷ་སྒོམ་གདུང་ཆད། གུང་ལྡེ་འོད་འབར། སྤེ་སྐྱར་གདུང་ཆད། ཟླ་བའི་རྒྱུད། རྟ་བཤགས་པ་དང་། གྲ་སྣ་བ་ཡིན་ནོ། ཁྲི་ཐོག་ཐག་མ་རུ་སྤེར་གདུང་ཆད། ཆུང་བ། བཞེངས་སྤྱན་འབར་གྱི་རྒྱུད། མོན་མཁར་བ། ཞང་མདའ་བ། སྤུན་བདུན་ཐང་པ་རྣམས་སོ། །ལྷ་སྟོན་དཀར་མོའི་རྒྱུད་བྱེ་ཆུང་བ་རྣམས་ཡིན་ནོ། །གཙང་པ་ཚ་དྲུག་ལ། འོད་བཙན། ལྷ་བཙན། གུང་བཙན་གསུམ་གྱི་རྒྱུད། བྱིང་བའི་བཙད་པོ་རྣམས་ཡིན་ནོ། །ལྷུན་པོའི་རྒྱུད་བྱ་ར་ན་ཡོད། ད་རིའི་རྒྱུད་ཁྲམ་དྲུག་པ་དང་། ཆུ་མིག་གོག་པོ་བ་རྣམས་ཏེ། འོད་སྲུང་གི་རྒྱུད་ཡིན་ནོ། ། བོད་ཀྱི་རྒྱལ་རབས་བྱུང་ཚུལ་འདི་ལ། ཡར་ཀླུངས་ཇོ་བོ་དང་། བྱང་ཇི་སྟོན་པ། ཚལ་པ་ཀུན་དགའ་རྡོ་རྗེ་ལ་སོགས་ཀྱིས་བསྒྲིགས་པའི་ཡིག་ཚང་རྣམས་ནས། ལེགས་པར་བཏུས་ཏེ། བསྡེབས་པ་ཡིན་ཅིང་། ཡར་རྩེའི་རྒྱལ་རབས་ནི་གསེར་ཐོག་པ་རིན་རྡོར་ལ་ཞིབ་པར་དྲིས་ནས་བྲིས་པ་ཡིན་ཟེར་བར་འདུགམདོ་རྒྱུད་མཁས་མང་ཕལ་ཆེར་བཞེད་མཐུན་པར། །རྒྱལ་བའི་བསྟན་པ་ལྔ་སྟོང་