[A:140]ལྟར་ཡོང་མིན་ཟེར། ཡང་རྒྱལ་པོའི་ལུང་གིས། རང་རེ་ཚང་ལ་བོད་བྱིངས་པོ་འོག་ཏུ་ཆུག་ཡོད་པ་འདུག་ཟེར་བའི་གཏམ་སྙན་པོ་དེས་ཆོག ཆས་ཁ་ཆ་རྐྱེན་གང་དགོས་མ་ཐུང་གན་པས་སྐུར། ས་སྐྱ་མན་ལ་འཇའ་མོ་ཆེ་ཆུང་དུ་འོས། ས་འཇམ་རྩུབ། མི་སྔེ་དར་རྒུད། རྒྱ་འཇམ་ལ་དཔེ་ལྟོས་ལ་ཚུགས་ཤོག བླ་མ་འཕགས་པ་ཡར་ལ་བྱོན་དུས་འབྱོན་ལམ་བདེ་དགོས་པ་ཡིན། ཡང་དོན་གཅིག་ལ། ཁྱོད་སྭན་ཇིང་དབེན་དུ་བསྐོས་པ་ལ། བོད་ཀྱི་གནས་ལུགས་རྣམས་ཞིབ་པར་གོ་ན། གནམ་སའི་བྱ་བ་ཆེན་པོ་དང་། མི་མང་པོ་ལ་ཕན་པ་ཡིན་པས་སོང་ཤོག་གསུངས་ནས། བླ་མའི་བཀའ་ཤོག་དང་། རྒྱལ་པོའི་འཇའ་ས་དགོས་པ་རྣམས་གནང་། དས་སྨན་འཁོར་མང་པོ་དང་བཅས་པས་ཡར་ཕྱིར་ཆས། བོད་ཀྱི་བན་སྐྱ་རྒན་འགོ་དྲག་རིགས་སྤྱི་སྒོས་ལ། གནང་སྦྱིན་ཆ་རྐྱེན་བཟང་པོ་དང་བཅས་པ། གན་མཛོད་ཆེ་ཆུང་ནས་སྐུར་ཏེ་ཡར་ཡོང་། ཐོག་མར་བོད་དུ་བསྟན་པ་ཕྱི་དར་ཀྱི་ཆོས་བྱུང་ས་ཡིན་པས། མདོ་སྨད་ཀྱི་དན་ཏིག་ཤེལ་གྱི་ལྷ་ཁང་དང་། མདོ་སྟོད་གཙོ་མདོ་བསམ་འགྲུབ། གཙང་དཔལ་ལྡན་ས་སྐྱ་རྣམས་སུ་རིམ་པར་མི་མང་པོ་བསགས། གང་ལ་གང་འོས་ཀྱི་གནང་སྦྱིན་སྤྲད། བཀའ་ལུང་བསྒྲགས་ཤིང་རྒྱ་བོད་ཀྱི་སོ་མཚམས་ནས། ས་སྐྱ་མན་ལ་འཇམ་ཆེན་ཉི་ཤུ་རྩ་གསུམ་བཙུགས། སོ་སོར་ཕྱེ་ནས་མདོ་སྨད་ས་འཇམ་པས་འཇའ་མོ་བདུན། མདོ་སྟོད་ལ་འཇའ་མོ་དགུ། དབུས་གཙང་ལ་འཇའ་མོ་བཅུ་གཅིག དེའི་ནང་ནས་ཀྱང་དབུས་པས་འཇའ་མོ་འཛིན་དགོས་པ་ལ། སོག ཤག རྩི་བར། ཤ་ཕོ། རྐང་། དགོན་སར། བྱམ་གྱ་བ་དང་བདུན། གཙང་པས་འཛིན་དགོས་པ་ལ། སྟག ཚོང་འདུས། དར་ལུང་། གྲོམ་པ་ས་སྐྱ་རང་དང་བཞི་བཙུགས། ཁྲི་སྐོར་སོ་སོས་འཇམ་སྐྱོར་འདབ་པའི་བཀོད་པ་