[A:144]སྨན་ཚེ་ཞེས་བྱ་བའི་རྒྱལ་པོ་དང་། དེའི་འོག་ན་མི་སྡེ་ཕྱུག་པོ་ཡོད་པར་འདུགདེ་རང་གི་དམག་གིས་བླངས་ནས། བུ་རྟའི་ཤེད་མོང་བཅོས་ན་ཨེ་འཐད་གསུངས་པས། བླ་མའི་ཞལ་ནས། ད་ལྟ་ཁྱེད་ལ་དོན་ཆེན་པོ་འདི་སྒྲུབ་པའི་མི་མི་སྣང་བས་མ་རིངས། ངེད་ཀྱིས་བརྟག་པ་བྱེད་གསུངས། དེའི་ཕྱི་ལོ་རྒྱལ་པོའི་གཅུང་པོ་ཨེ་ཆེན་ཧུ་ལ་ཧུས། གོང་མ་ལ་གདབ་ནོར་ལོ་གསར་སྐྱེལ་བ་ལ་ཁོང་གི་མི་དཔོན་བ་ཡན་ཟེར་བས་འགོ་བྱས། འུ་ལག་ལྔ་བརྒྱ་ཙམ་དང་བཅས་པ་ཡོང་བའི་ལམ་དུ། ཨུ་ལུག་ནོན་ཡོན་བྱ་བ། རི་དྭགས་ལ་ཡོང་། ནམ་ལ་བྱེད་པ་དང་འཕྲད། ཤེས་རབ་ཆེ་བ་དང་། གཟུགས་བཟང་བའི་མི་དཔོན་དེ་གཉིས། རྟ་ཐོག་ཏུ་དྲི་བ་གཏམ་ལབ་བྱས་པས། གཅིག་ལ་གཅིག་མགུ་བ་ཡན་རྒྱལ་པོ་དང་མཇལ་འཕྲད་བྱས་རྟིང་། རྒྱལ་རྒྱུད་མི་དཔོན་རྣམས་ཀྱི་རྩར། ཧོར་ཡུལ་ན། ཨུ་ལུག་ཟེར་བའི་མི་དཔོན་བཟང་པོ་གཅིག་འདུག དེ་རྒྱལ་པོའི་རྩ་རུ་སྡོད་འོས་པ་གཅིག་འདུག་ཅེས་ལབ་པས། གཏམ་དེ་གོང་མས་གསན་ནས་ཨུ་ལུག་འབོད་མཁན་ཐུགས་ལ་གཏགས་ནས། ནང་བློན་ཆེན་པོར་གྱུར་ཏེ། འདིས་ཀྱང་བ་ཡན་ལ་ཕན་གཏགས་པའི། གཏམ་རྟིང་ལ་ཡོད། དེར་བ་ཡན་རྒྱལ་པོ་དང་མཇལ། ཕོ་བྲང་དུ་སྟོན་མོ་ཆེན་པོ་བྱེད་པ་ལ། བླ་མ་དམ་པ་གདན་དྲངས་པའི་དུས་ན། བ་ཡན་མཇལ་བའི་སྤྱོད་པ་དང་འགྲོ་ལུགས། ཞུ་བའི་གཏམ་བརྗོད་མཁས་པ་ཡོན་ཏན་ཆེ་བར་འདུག་པ་བླ་མས་མཁྱེན་ནས། རྒྱལ་པོ་ལ་མི་བཟང་པོ་ཁོ་པ་ལ་འདུག་གསུང་། རྒྱལ་པོས་དགོངས་ནས་བ་ཡན་གྱི་ཚབ་ཏུ། གོང་མའི་རེས་དཔོན་གཅིག་དང་། གསེར་ཡིག་པ་བྱིན་པོ་དེ་ལ། གནང་སྦྱིན་བཟང་པོ་བྱས། ལོ་ལན་བསྐུར་ནས་བཏང་། བ་ཡན་སྡོད་གསུངས་ནས་བསྡད་ཡོད་པའི་སྐབས་སུ། ཁོང་པ་ཡན་དང་། ཨུ་ལུག་