[A:143]རེ་རྒྱལ་པོ་ཡོན་མཆོད་བཀའ་གྲོས་སུ་བསྟུན་ནས་བསྐོ་བར་མཛད་འདུགདབང་ཡོན་རྟིང་མ་ལ་བླ་མའི་བཀའ་བཞིན། རྒྱའི་ཡུར་མ་ཆེན་མོ་ཕུལ་ནས། རྒྱ་མི་ཁྲི་ཁྲག་མང་པོ་སྲོག་ཐར་དུ་བཅུག དེ་དུས་བླ་མ་འཕགས་པས་བསྔོ་བ་སྨོན་ལམ་འདི་ལྟར་མཛད་དོ། །ནམ་མཁའི་ཁམས་ནི་ཁྲག་གི་མདོག་ལྟར་དམར། །རྐང་ལེབ་རོ་ཡིས་ཕྱི་ཡི་རྒྱ་མཚོ་གང་། །འདི་འདྲ་བཅད་པའི་དགེ་བ་གང་དེ་ཡིས། །མཁྱེན་རབ་དབང་ཕྱུག་ཐུགས་དགོངས་རྫོགས་ཕྱིར་དང་། །ཕན་བདེའི་བསྟན་པ་རབ་ཏུ་དར་ཕྱིར་དང་། །མི་དབང་སྐུ་ཚེ་ཤིན་ཏུ་བརྟན་ཕྱིར་བསྔོ། །ཞེས་གསུངས་ཤིང་། སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བ་སེམས་ཅན་གྱི་དོན་ལ་ཕན་པ་རྒྱ་ཆེན་པོ་མཛད་པར་གདའོ། །གོང་མ་སེ་ཆེན་རྒྱལ་པོ་དང་། བླ་མ་འཕགས་པ་གཉིས་ཐུགས་སོ་བསོད་འབེལ་གཏམ་གླེང་བའི་སྐབས་ན། རྒྱལ་པོས་བླ་མ་ལ། དང་པོར་ཇིང་གིར་རྒྱལ་པོས་རྒྱལ་ཁམས་བྱིངས་པོ་བསྡུས་པའི་སྐབས་ན། ངེད་ཀྱི་རྒྱལ་ཁམས་ཆོས་པ་དང་། འཇགས་སུ་འཇུག་པའི་དུས་སུ་ཡང་། ཤེད་མོང་ལེགས་པར་གདབས་པས། ཧོར་ཀྱི་དམག་མི་རྣམས་ལ། ད་ལྟ་ཟས་ནོར་གྱི་སྟོབས་ཞན་པས། ཤེད་མོང་སྣོན་པའི་ཐབས་དང་ཆོས་ཕྱོགས་ཇི་ལྟར་བྱས་ན་འཐད་གསུངས་པས། བླ་མའི་ཞལ་ཏ། ཁྱེད་རང་ལ་ཡོད་པའི་མཛོད་ཀྱི་ཆ་རྐྱེན་དང་། དམག་མི་རེས་པའི་གྲངས་ལོངས་ལ། ལོ་འགའི་བར་ལ་གཞི་བཅས་ཀྱིས་ལྟོ་གོས་འཚོ་བའི་གནང་སྦྱིན་བྱེད་པར་འོས་གསུང་བ་བྱུང་ནས་དེ་བཞིན་བྱས་པས། དམག་མི་ལ་རྩ་བའི་ཧོར་དམག་ཁྲི་ཚོ་ལྔ་བཅུ་དང་། རེས་པ་ཡང་ཚན་ཆེ་བར་བྱུང་བ་ལ། གནང་སྦྱིན་བྱེད་པའི་ཆ་རྐྱེན་མ་ལྡང་བྱུང་པས། ཡང་རྒྱལ་པོའི་གསུངས་ནས། ད་ལྟ་ཆ་རྐྱེན་གྱི་མ་ལྕོག་བྱུང་བས། ཧོར་ཡུལ་གྱི་ལྷོ་ཕྱོགས་ན། །