[A:146]མིག་གི་ས་ཆ་མི་སྡེ་བཟང་སར་ལས་ཀ་ཞུས། འཇའ་ས་ཁྱེར་སོང་བས། བ་ཡན་གྱི་འགྲིམས་དུ་མ་བཅུག ཆ་གཅིག་པར་ང་དང་པོ་ལུང་ཐོབ་ཡོད་པ་དང་། མི་དཔོན་བསྐོས་ཚར་བ་རྣམས་བརྟན་དུ་མ་བཅུག་ན། མི་སྡེ་ཁྲུམས་ཞིག་གིས་དོགས་བྱས་ནས་བྱ་བ་འཇགས་རྟིང་། རྒྱལ་པོའི་དྲུང་དུ་འོང་ནས་མཇལ་བའི་ཚེ། ཆིང་སང་རེས་དང་མཇལ་འཕྲད་གྲུབ་མ་ཐག ཁོ་རང་གི་ཁང་པར་མ་ཡོང་བར། རེས་ཁང་དུ་བསྡད་པའི་བར་ལ། རྒྱལ་པོས་ཁོ་ལ་ང་རྒྱལ་ཆེན་པོ་ཡོད་དགོངས་པ་གཅིག་བྱུང་ནས། ཟུ་གུར་ཆེ་གཅིག་བ་ཡན་གྱི་རྩར་བཏང་ནས། ཁྱོད་བ་ཡན་ཚན་པའི་མི་ཡིན་པ་གན་པ་ལ། སྲས་མིང་དང་ལས་ཀ་ཆེན་པོ་བྱིན་ནས་བཏང་བ་ཡིན། སྨན་ཚེའི་རྒྱལ་ཁམས་ལེན་པ་ལ་བརྩོན་འགྲུས་བྱ་བ་ཕིང་ཆང་གིས་བྱས། མིང་ཁྱོད་ཀྱིས་བླངས་ནས་ང་རྒྱལ་མ་ཆེ་གསུངས་པ་ཞིག་བསྐུར་ནས་བཏང་། ཟུ་གུར་ཆེ་སོང་རྟིང་། རྒྱལ་པོ་ལ་ཐེ་ཚོམ་བྱུང་ནས་སློག་མི་བཏང་བ་ལ་མ་ཟིན། ཁོས་ཆིང་སང་ལ། ལུང་བསྐྱལ་པས། ཆིང་སང་ན་རེ། ཁྱོད་ཀྱི་རྒྱལ་པོའི་ལུང་ངེད་ལ་འཕྲོད།ངའི་ཞུ་བ་རྒྱལ་པོ་ལ་ཨེ་ཐེངས་བྲིས་པས། ཐེངས་ཟེར་བ་དང་། ཆིང་སང་གིས། ངའི་དོན་ལ་རྒྱལ་པོ་ཁྱེད་ཐུགས་བདེ་བར་མཛོད། འཚམས་པའི་མི་འཚམ་པར་བཞག་ན། འཚམ་པར་ཀ་འགྲོ། མིང་དང་ལས་ཀ་བྱིན་པ་ཆེས་ན་རྒྱལ་པོའི་རང་དབང་ཡིན། སྨན་ཚེའི་རྒྱལ་ཁམས་ལེན་པ་ལ། བརྩོན་འགྲུས་དང་བྱ་བ་ཕིང་ཆང་གིས་བྱས་ནས་མིང་བ་ཡན་གྱིས་བླངས་གསུངས་པ་སྟེ། དེའི་རྒྱུ་མཚན་སྨན་ཚེ་བ་རྣམས་ཀྱི་ལབ་སྟེ་འོང་། རྒྱལ་པོ་ཁྱེད་ལ་དོན་གྲུབ་པས་མི་ཆོག་གམ། ཞུས་ནས་བཏང་བས། གཏམ་དེ་རྒྱལ་པོར་ཞུས་པས། ངའི་གཏམ་དེ་མགྱོགས་དྲགས། ཁོས་དེ་ཟེར་དུ་བྱུང་དོགས་གསུངས་ལོ། །དེ་རྟིང་རྒྱལ་པོས་སྨན་ཚེར་འཇའ་ས་