[A:148]བ་ཡན་ཆིང་སང་རང་འགྲོ་དགོས་གསུང་། དམག་དཔོན་ལ་བསྐོས་ནས། ཁོང་འགྲོ་བའི་སྐྱེལ་ཐུང་བྱས་པར། བ་ཡན་ཆིང་སང་ཅི་ཟེར་ལྟ་བའི་ཁད་ཉན་པ་ལ་བཏང་། ཆིང་སང་རྟ་བཞོན་འགྲོ་ཁར་སྡོད་པའི་བློན་པོ་སྐྱེལ་ཐུང་པ་རྣམས་ལ། ཁྱེད་མི་མངགས་པ་ལ། འདི་འདྲ་བའི་མི་མངགས་པ་ཟེར་བ་གསུམ་བྱས་ནས། སོང་ཟེར་བ་ཐོས་ནས་རྒྱལ་པོ་ལ་ཞུས་པས། གཏམ་དེ་མ་བཟང་བ་ཡིན་པས་ལོག་ཤོག་ཟེར་བའི་མི་བཏང་། ཟིམ་དེམ་འཇའ་མོར་སླེབས་པ་ཕྱིར་བོས་ནས། སང་སྔ་མོར་སླེབ་པ་དང་། རྒྱལ་པོས་བ་ཡན་ཁྱོད་ཀྱི་ཁ་སང་། ཇེ་གོན་མཐིང་ནས་རྟ་བཞོན་འགྲོ་ཁར་ཅི་ལབ་གསུངས་པས། ཅང་མ་སྨྲས་ཟེར། རྒྱལ་པོ་རང་གིསཁྱེད་མི་འདི་འདྲ་མངགས་པ་ཟེར་ལབ་འདུག་པ་ཁྱོད་ཀྱིས་སྨྲས་པ་མིན་ནམ་གསུངས་པས། དེ་ནི་བདེན་ཟེར། ཅིའི་དོན་ལ་བྱས་པས། ཆིང་སང་གི་ཞུས་པ། ངས་སྨན་ཚེའི་རྒྱལ་པོ་ཁྱེད་ལ་རྒྱལ་ཁམས་གཏད་པ་དེ། ཉི་མ་ཤར་ནས་ནུབ་ཀྱི་བར་ལ་རྒྱལ་ཁམས་པ་རྣམས་ཀྱིས་ཤེས་པ་ཡིན། དེའི་རྟིང་ལ་ང་ཉེས་མེད་པ་དམངས་སུ་ཕབ་ནས་བཞག་པ་དེའང་ཉི་མ་ཤར་ནས་ནུབ་ཀྱི་བར་དུ་ཐོས་ཡོད། འདི་ལྟ་བུའི་སྐྱོན་ཆེན་གྱི་མི་གཏོང་བ་བྱང་ཕྱོགས་ཧོར་གྱི་ཡུལ་ན། རྒྱལ་པོ་ཁྱེད་ཀྱི་རྒྱུད་པ་མི་ཆེ་ལ་མང་བ་རྣམས་ཡོད། མི་ང་སྐྱོན་ཕོག་པའི་མི་ཁོང་རྣམས་ཀྱི་སྟེང་དུ་བསྐོས་ནས་བཏང་ཙ་ན། ཁོང་རྣམས་ཀྱང་རྒྱལ་པོ་ཁྱེད་ལ་ཡིད་ཆད་བྱེད། དམག་པོ་ཆེའི་བྱ་བ་ཅི་འདྲ་ཡོང་ངམ་བསམས་ནས་ལབ་པ་ཡིན་ཞུས་པས། རྒྱལ་པོ་ན་རེ་ཁྱོད་བདེན། བ་ཡན་ལས་བདེན་པ་མེད། ད་ལྟ་རང་འཇའ་ས་བྲིས། བ་ཡན་གྱི་སྨན་ཚེ་རྒྱལ་ཁམས་བླངས་པ་དང་། ཤེད་མོང་གི་འདབ་པ་རྣམས་འཇའ་སའི་སྟོད་དུ་བྲིས། མི་ངན་པས་རྫུན་ཞུས་བྱས་པ་བར་དེར་བྲིས། བ་ཡན་བདེན་པ་ཡིན་པས་