R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 149
[A:149]མིང་དང་། ཤེད་མོང་བསྣན་པ་རྣམས་གཏིང་ལ་བྲིས་ལ། རྒྱལ་རྒྱུད་བུ་མོ་མག་པ་དམག་མི། མི་དཔོན་མི་སྡེ་རྣམས་ཀྱིས། བ་ཡན་གང་ཟེར་གྱིས་ངག་ལ་ཉོན་ཟེར་བའི་འཇའ་ས་སྒྲོག་མི་སྔོན་ལ་ཐོངས་ལ། དེའི་རྗེས་ལ་བ་ཡན་ཆིང་སང་འགྲིམ་གསུངས། དེ་བཞིན་བྱས་པས་བ་ཡན་གྱིས་དམག་དཔུང་ཐུལ། ཧོར་ཡུལ་རྒྱལ་ཁམས་བདེ་བར་བྱས་ནས་ཚུར་འཁོར་བ་དང་། རྒྱལ་པོས་ཀྱང་བ་ཡན་ལ་གཞན་དང་མི་འདྲ་བའི་ཐུགས་འདོགས་བཟང་པོ་མཛད། རྒྱལ་རྒྱུད་བློན་པོའི་ཚོགས་རྣམས་ཀྱིས་ཀྱང་། ལེགས་པར་བཀུར་བའི་བློན་པོ་རིན་པོ་ཆེ་ཡིན་པར་འདུགགལ་ཆིང་གི་འཇའ་ས་ལ་སྔ་བ་འདི་ཡིན་ཟེར་རོ། །བླ་མ་འཕགས་པ་ལ་རྒྱལ་པོས་ཆོས་ཞུས་པ་ལྟ་ཅི་སྨོས་ཏེ། འཇིག་རྟེན་བྱ་བ་ཆེན་པོ་རྣམས་ཀྱང་བཀའ་གྲོས་བྱེད་པའི་གཏན་ཚིགས་གཅིག་འདི་ཡིན་ནོ། །བླ་མས་ཀྱང་ཆོས་དང་མཐུན་པའི་འཇིག་རྟེན་གྱི་བྱ་བ་ལེགས་པ་རྣམས་ཀྱང་། རྒྱལ་པོ་ལ་སྟོན་པ་ཡིན་ཟེར། སྨན་ཚེ་རྒྱལ་པོས་འགོ་བྱས་ངོ་ལྟས་པ་རྣམས་ཡོང་བའི་དུས་སུ། ཇི་ཇུའི་མགོན་ཁང་བསྟན་པས། རང་རེའི་ཡུལ་དུ་དམག་སྣ་ལ་བྱོན་པའི་མི་ནག་འཁོར་བཅས་དེ་པ་ཡང་འདི་ན་འདུག་ཅེས་ཟེར་ལོ། །ཡོན་མཆོད་གཉིས་བཀའ་སྒྲོས་ནས་བ་ཡན་ཆིང་སང་སྨན་ཚེར་བཏང་ནས་རྒྱལལ་ཁམས་བླངས་པའི་དོན་ལ་འགྲོ་མགོན་འཕགས་པས་ཁྱེད་རང་ལུས་མ་བསྐྱོད་པར། སྨན་ཚེའི་རྒྱལ་རབ་མང་པོའི་བར་དུ། ཁོང་རང་འཇགས་ཟིན་གྱི་རྒྱལ་ཁམས་རང་རེས་ལོན་པ་འཛམ་གླིང་གཅིག་ཏུ་འདྲེས་འདྲར་གྱུར། ཁྱེད་རང་འཁོར་ལོས་སྒྱུར་རྒྱལ་དག་དང་མཚུངས། ཞེས་པའི་བསྟོད་པ་མཛད་པའང་འདུག མདོར་ན་འགྲོ་མགོ་ན་ཆོས་ཀྱི་རྒྱལ་པོས་བྱིན་རླབས་ནས། ཧོར་དང་རྒྱ་ནག་པོའི་འབྱོར་བ་ཆེན་པོས། ས་སྐྱས་འགོ་བྱས་བོད་ཡུལ་འདིར་