[A:150]བསྟན་པའི་མཐིལ་ཡོད་པ། ཡོན་མཆོད་འདི་གཉིས་ཀྱི་བཀའ་དྲིན་ཡིན་པ་གདའ།ཡི་གེའི་ངོ་བོ་ཅོང་ཞུ་ཞིང་གི་ཁྲིམས་ར་ན་འདུག་པ། བཅའ་ཚེ་བླངས་འདུག་པ་དེ་ངོ་བཤུས་སྦག་པོ་ཆིང་སང་གིས་དཔོན་ཆེན་དབང་ཕྱུག་བརྩོན་འགྲུས་ལ་བྱིན་ནས། ཡུ་གུར་གྱི་ཡི་གེ ངོ་བོ་ཏའི་དབེན་མཐོང་ཇི་དེབ་ཐེར་ཧོར་གྱི་མ་ཡིག་དང་ལྷན་ཅིག་ཏུ་ཡོདཔ། ཡར་ལུང་པས་ཁྱེར་འདུག་ནའང་། དོན་འདི་རྣམས་བློ་ལ་ཡོད་པས་སྐབས་དོན་བྲིས་པ་ཡིན་ཡང་བསོད་ནམས་ཅན་སེ་ཆེན་རྒྱལ་པོའི་དུས་སུ། མི་ཆེན་སམ་གྷ་བྱ་བ་དེ། རུས་པ་བཀའ་མ་ལོག་ཡིན་པའི་མི་གཞོན་ཞིག ཧོར་སྐད་རྒྱ་
སྐད་ཡུ་
གུར་སྐད་བོད་སྐད་ལ་སོགས། སྐད་རིགས་སྣ་ཚོགས་ཤེས་པའི་ལོ་ཙཱ་བ་ཞིག དང་པོ་བླ་མ་འཕགས་པས་མདོ་སྨད་རྒྱ་བོད་ཀྱི་མཚམས་སུ་བྱོན་དུས་མཇལ་ནས་ཤེད་མོང་འདབ་པ། ཇ་ཞུས་པས་ལོ་ཙཱ་བ་ལ་བཅུག ཟུ་གུ་ཆེན་པོའང་བྱེད་གིན་ཡོད་པའི་དུས་སུ། ཁོང་ཤེས་རབ་ཆེ། སྐད་རིགས་མཁས་པའི་དོན་ལ། བླ་མ་མཉེས་ནས་རྒྱལ་པོའི་དྲུང་དུ་ཡང་ཡང་མངགས་པས། གོང་མས་ཀྱང་ཤེས་རབ་དང་ཡོན་ཏན་ལ་དགོངས་ནས། བླ་མ་ལ་བསླངས། ལས་ཀ་རིམ་པར་བསྐོས་པས། གོ་ཆོད་པོ་བྱུང་། སོན་ཇིང་དབེན་གྱི་མི་དཔོན་བསྐོས་པའི་དུས་སུ། ཁོང་གི་མེ་ཏོག་ར་བའི་བདེ་ཆེན་གྱི་རྩར། བླ་མ་ལ་ཆོས་ཞུས་པའི་སྒོས་ཀྱི་མཚམས་ཁང་ཞིག་བྱས་པ་ལ། ཐའི་སས་སྐྱོན་བཟུང་ནས། སཾ་གྷ་བཙོན་དུ་ཁྱེར་བའི་དུས་སུ། ཀ་ལེ་ཧུ་ན་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་སངས་རྒྱས་ཀྱི་སྐུ་བཞུགས་པ་སྤྱན་དྲངས་ནས། འཛམ་བུ་གླིང་འདིར་རོལ་མོ་དང་། ལྟད་མོ་ཡོད་པ་ལ་རྒྱལ་པོའང་བྱོན་ནས་སྐོར་བ་དང་། གཟིགས་མོ་མཛད་པའི་སར། བླ་མ་གདན་འདྲེན་དུ་བཏང་བས། བླ་མའི་གསུང་ནས། ངེད་ཀྱི་བོད་ཡུལ་ན་བུ་བཙོན་དུ་ཁྱེར་བའི་ཕ་