R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 151
[A:151]དེ། སྤྲང་ལ་འགྲོ་བ་ལའང་ངོ་ཚ་བྱེད། ངའི་སཾ་གྷ་ང་ལ་ཆོས་ཞུ་བ་ལ་དམིགས་པའི་ཁང་ཆུང་ཞིག་བྱས་པ་ལ། ཐའི་སས་སྐྱོན་དུ་བཟུང་ནས་བཙོན་དུ་ཁྱེར་འདུག་ན།ང་མི་ཡོང་གསུངས་པས་གོང་མ་ལ་ཞུས་པས། བླ་མ་ཕེབས་པའི་གཟིམ་ཁང་ལ་དམིགས་པ་ཡིན་ན་ཁོ་ལ་སྐྱོན་མ་བཟུང་བར་ཐོངས། བླ་མ་ལ་བྱོན་གྱིས་གསུང་པའི་ལུང་བྱུང་བྱུང་བས། སཾ་གྷ་ཉེས་པ་ལས་གྲོལ། ཡོན་མཆོད་ཞལ་མཇལ། སླར་ཡང་སོན་བྱིང་དབེན་དུ་བསྐོས་པའི་སྐབས་སུ། བླ་མ་ས་སྐྱར་བྱོན། དཔོན་ཆེན་ཀུན་དགའ་བཟང་པོས་དམ་ཉམས་བྱས་པའི་རྒྱུ་རྐྱེན་གྱིས། གོང་དུ་ཞུ་བ་བཏང་བས། ས་སྐྱ་བ་དང་སྒོས་སུ་འབྲེལ་ཆེ་བས་ཞབས་ཏོག་འགྲུབ་པར་དགོངས་ནས། མི་ཆེན་སམ་གྷས་འགོ་བྱས་ཁྲི་དམག་སྟོབས་ཆེ་བ་འགྲིམ་གསུངས་པ། ལུང་བྱུང་གིས་སམ་གྷས་བོད་དབུས་གཙང་ས་རོང་དོག དམག་པོ་ཆེ་ཤོང་ས་མེད། རྩ་བའི་ཧོར་དམག་ཁྲི་ཚོ་བདུན་གྱི་སྟེང་དུ། བོད་སྟོད་སྨད་དང་བཅས་པའི་དམག་འབུམ་ཕྲག་གཅིག་ལྷག་ཡོང་། དེས་འཆུན་པས་དེ་བཞིན་གྱི་བཀའ་གནང་དགོས་ཞུས་པ། དེ་ལྟར་ཡིན་ཆུག་གསུངས་ནས། ཁྲི་དམག་བཏེག འུ་ཡུག་མེ་ཏོག་གླིང་དུ་སླེབས་པ་དང་། ས་ཁད་ཡངས་པས་ལྷ་ཤངས་ལ་དམག་ལམ་བྱེད་རྩིས་ཡོད་པ། ཆབ་ལི་གྲོང་པ་སློབ་དཔོན་བློ་གྲོས་བཟང་པོས་དམག་སྒར་དུ་ཇ་ཞལ་ལ་བྱོན་པས། དམག་ལམ་ལང་འགྲོ་ནང་ལ་སྐྱོག་ཐུབ། ཧོར་དམག་གི་ཁ་འབེབས་ཐུམ་འཇུག་ལ། སྔ་སོར་ལང་འགྲོ་མཁར་དམར་གྱི་མཁར་ཕབ། བབས་བླངས། དེ་རྟིང་དཔལ་རྣམས་བྱ་རོག་ཚང་གི་མཁར་ལ་སྒྱོགས་སྐོར་རྒྱག་དྲག་པོ་བྱས་ནས། ཀུན་དགའ་བཟང་པོ་ཁྲིམས་ལ་བསྒྲལ། དམག་པོ་ཆེའི་བྱ་བ་མཐིལ་ཕྱིན་པ་བྱས། བླ་མ་དང་དགོན་པ་ཕྲ་མོ་ལ་མོས་པ་དང་དད་གུས་ཆེ་བའི་སྟོབས་ཀྱིས། ས་སྐྱར་