R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 152
[A:152]བྱོན། ལྕོག་ཆུང་བྲང་ཁང་ཤར་འདི་ཁོང་གིས་བཞེངས་ནས། སྒོ་ཡིག་གཡང་ཚེ་ཡང་རྒྱ་ལུགས་སུ་ཡོད་ཅིང་བླ་མའི་དྲུང་དུ་ཅིས་ཀྱང་ཡོང་བའི་དགོངས་པ་མཛད་པར་གདའ། དེ་རྟིང་ཁྲིམས་དམག་བྱིངས་པོ་ཕྱིར་ལྡོག སྤོམ་འབོར་སྒང་ནས་ཉི་མ་མགོན་དང་། དར་དགེས་འགོ་བྱས་དམག་རགས་བསྡུས་བརྒྱ་དྲུག་ཅུ་སློབ་དཔོན་དྷརྨ་ཕ་ལའི་སྐུ་སྲུང་ལ་ས་སྐྱ་ཉེ་འཁོར་དུ་བཞག ཧོར་དམག་སྟོང་ཚོ་བདུན་གྱི་ནང་ནས། བདུན་བརྒྱ་སྟོད་ཧོར་གྱི་སོ་ཁ་སྲུང་བ་ལ་བ་ལ་བཞག གནམ་དགོན་གསར་དུ། ཨུ་དམར་ཆག་གི་འགོ་བྱས་ཧོར་དམག་གྲངས་ཆེན་བཞི་བརྒྱ་བཞག རྡོར་ཐས་འགོ་བྱས་སྦ་རག་གི་དམག སེ་རི་རོང་ལ་བཞག ཨུ་ཕུར་གྱི་དམག་ལྕགས་ཚེ་གྲི་གུ་དང་། ཡར་འབྲོག་ཏུ་དུང་རེང་གི་ཁ་གནོན་ལ་བཏང་ནས་བཞག ཧོར་བན་དུ་མན་གི་དམག་གདན་ས་སྤྱིའི་ཞབས་ཏོག་ལ་འདམ། ན་དམར། ན་རོང་ལ་སོགས་བྱང་གི་རྩྭ་ཁ་ལ་བཞག་པས། སཾ་གྷ་དེ་དྲིན་ཆེ། དེ་མན་ལ་བྱང་གི་འཇའ་མོ་སོགས། སྭཱག ཤག རྩི་དམར། ཤ་ཕོ། སྐོང་། དགོན་གསར། གྱ་བ་རྣམས་ཀྱི་འཇམས་ཆེན། བོད་དབུས་གཙང་གི་ཁྲི་སྐོར་རྣམས་ཀྱིས་འཛིན་མཁན་ལོ་ཁོར་མར་གཏོང་དགོས་པས། བཀའ་ཚེགས་སྦྱོང་སྤྱོད་ཤིན་ཏུ་ཆེ་བ་ཞིག་ཡོད་པ་འདུག་ཅིང་། བོད་དམག་རྣམས་ཀྱིས་བྱང་མ་ཐུབ་པར་བྲོས་ནས། འཇམ་བྲང་སོ་མ་ཟིན་པས། ཧོར་བོད་ཀྱི་གསེར་ཡིག་འགྲུལ་པ་ལ་ས་རིམ་གྱི་ཨོ་གེ་ཁའི་འུ་ལག རང་རང་ལ་བབས་པའི་དོན་ལ་ཐམས་ཅད་ཀྱིས་ཞུས་པ་བཞིན། མི་ཆེན་སང་གྷས་ཕུར་དང་སྦ་རག་ལ་སོགས་པའི་དམག་མི། བྱང་ཁར་ཡོད་པ་རྣམས་འཇའ་མོའི་ཟ་འཁྲི་འཐེན་པ་ལ། ཐ་དད་དུ་བཞག་ནས། དབུས་པ་ཁྲི་སྐོར་རྣམས་ཀྱི། དུད་རྟ་མགོའི་སྟེང་ནས་རྟ་ཁལ་པ། བཞོན་མ། བཤས་ལུག འཇམས་རྒྱགས་ཀྱི་ནས།