[A:153]ཆ་ཐེར་སྦྲ། སྒ་གདན། ཁལ་གཡག ཐབ་ཆས། གདན་ཆས། སྨན་རིན། དུད་མི་དང་བཅས་པ་ཧོར་ལ་སྟེར་བའི་ཁྲིམས་བཅས་ནས། དབུས་པ་བྱང་དུ་སྡོད་མི་དགོས་པ། ཧོར་དམག་རྣམས་ལ་བོད་རྫས་ཀྱི་འཇམས་སྐྱོར་འདི་རྣམས་ལོ་ལོ་བཞིན་ཡོང་བ་འགྲུལ་བ་རྣམས་ལ་འཇའ་མོ། འུ་ལག་རྣམས་མ་སྟོང་པ་བྱུང་ནས།ཀུན་ལ་ཕན་པ་འདི་ཡང་སམ་གྷའི་དྲིན། ཁོང་གིས་བོད་འཁོར་ནས། ཅོང་ཞུ་ཞིང་གི ཆིང་སང་ལ་བསྐོས་པའི་དུས་སུ། སྔར་མཁར་བའི་དོར་ཚེ་འགྲིམ་པ་ཆ་འོར་གྱུར་པས། གན་པའི་ཞབས་ཏོག་དང་། རྒྱལ་ཁམས་ལ་ཕན་པར་བྱུང་བས། གཏམ་སྙན་ཐོབ། དང་པོ་མི་དཔོན་རྣམས་ཀྱི་གསུག་ཟོས་པའི་དོན་ལ་ཉེས་པ་ཕོག་པའི་མི་དཔོན་མང་པོ་བྱུང་། ཁྲིམས་ཀྱང་ཡང་པོར་སོང་བ། སམ་གྷ་ཆིང་སང་གིས་སྔོན་རྒྱ་ནག་པོའི་དུས་ཀྱི་སྲོལ་རྙིང་པ་ཞིག་བཙལ་ནས། ཁྲིམས་ར་ཆེ་ཆུང་གི་མི་དཔོན་རྣམས་ལ། བཟའ་རྒྱུ་དང་། གོན་རྒྱུའི་ཧུན་རྩེན། བུད་མེད་ལ་སོགས་པ་ལ་ཡང་། ཟ་འབྲས་དམར་པོ་དང་བཅས་པ་བྱིན་ནས། གསུག་པ་མི་ཟ་བའི་ཁྲིམས་སུ་བཅས་པས། ཁྲིམས་དམ་པོར་སོང་། མི་སྡེའང་སྐྱིད། ད་ལྟའི་བར་ལ་མི་དཔོན་རྣམས་ལ་ཧུན་རྩེན་འཇགས་པ་ཡང་། སཾ་གྷའི་དྲིན་དྲན་པར་བྱེད། གཞན་ཡང་བསྟན་པ་དང་བོད་ལ་ཕན་པ་དང་། འབུལ་བ་གཏོང་བ་ལ་སོགས་པའང་ཁོང་གི་བླ་མའི་ཞབས་ཏོག་ལ་དམིགས་ནས་ཞུས་པས། ཕན་པ་མང་པོ་བྱུང་གདའོ། །ཡང་དོན་ཞིག་ལ་སཾ་གྷ་ཆིང་སཾ་ཤེས་རབ་ཆེ། ལོངས་སྤྱོད་དང་ལྡན་པས་ཧོར་མང་པོའི་མིག་ཏུ་མ་ཤོང་བར། ཁོང་གི་གན་པ་ཤས་ཆ་རྐྱེན་མ་ཕངས་བྱས་པས་རེས་པ་ཤེ་མོང་ལ་བསྣན་ཟེར་བའི་དོན་ལ་ཆིང་སང་གིས། གཞན་མའི་ཆ་རྐྱེན་གསུག་མར་ཟས་ཟེར་བ་ལ་བསྙད་བྱས་ནས། གོང་མ་ཕྱི་ལམ་དུ་དོས་པ་