R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 154
[A:154]རྣམས་ཀྱིས་ཞུས། གཏུག་གཤེར་བྱས་པས་ལུང་གིས་རེས་པས་ཇི་ལྟར་བྱེད་འཆོས་ངེད་ཤེས་མོད། སཾ་གྷ་ལ་དོན་ཅི་ཡོད། གསུག་པ་བྱས་ན་གཞན་གྱི་གཏུག་མོད། ཁོ་ལ་ཆ་རྐྱེན་འདུག་ཟེར་ནས་ཉེས་པ་འཚལ་ག་ནས་ཉན་གསུངས་ནས་ཞུ་བ་མ་བཞེས་ཀྱང་། དོས་དཔོན་རྣམས་ཀྱིས་རེས་པ་རྣམས་སྐུལ་ནས། བསྐྱར་གིན་ཞུས་པས་དེ་གོང་ནས་སྣོན་ཐབས་མཛད། སཾ་གྷ་ལ་ཨུ་ལུག་དང་། ཁྱེད་གཉིས་འཕྲོད་པར་གྱིས་གསུངས་བྱུང་ནས། སཾ་གྷས་ཨུ་ལུག་གུང་གྲལ་ལ་བཞག སྟོན་མོ་བཟང་པོ་བྱིན་ནས་སཾ་གྷ་རང་གི་ཞྭ་གོས་སྐེ་རགས་ཕུལ། ཨན་ཏ་བྱེད་བྱས་པས། ཞྭ་གོས་སྐེ་རགས་ཁྱེར་ན་མི་འདོད། སྟོན་མོ་གོང་མའི་གསོལ་རས་ཡིན་པས་ཟོས་ཡོད། ཟེར་ནས། བཞུད་སྐད། རྟིང་དུ་ཡང་རེས་པ་རྣམས་ཀྱིས་རེས་དཔོན་རྣམས་དང་། ཨུ་ལུག་ནོ་ཡོན་བསྐུལ་ནས། སཾ་གྷ་ལ་སྔར་བཞིན་སྐྱོན་བཟུང་ནས་ཞུས་པའི་མཐར། ཁོའི་ཆ་རྐྱེན་ལ་བསྙད་ནས་ཉེས་པ་ལེན་གར་ཉན། རྒྱལ་ཁམས་ཀྱི་ཆ་རྐྱེན་རྣམས་ང་རང་གི་ཡིན། དེ་ཡིན་ན་ང་རང་གིས་དྲི་བ་བྱེད་གསུངས་ནས། སཾ་གྷ་ལ་སྔར་གཙིགས་ཆེ། ཕང་བྱེད་པའི་དུས་སུ། རྒྱལ་པོ་རང་གི་མཁྱེན་པས། ཉེས་པ་གསངས་ཟིན་རྣམས་ཕྱིས་རྟོལ་བ་ལ། སམ་གྷ་ཁྱོད་ཤང་མདོ་ནས། ཏའི་ཏུར་མངགས་དུས་འུར་རྡོ་འགྲིམས་པའི་ལམ་དུ། ཤིང་སྡོང་པོའི་རྩ་བར་ངེད་བསིལ་གྲིབ་ལ་སྡོད་པའི་ཁྲི་ཐོག་ཏུ་ཁྱོད་ཀྱིས་བསྡད་པ་དང་། ཏའི་ཏུ་ནས་ངེད་ལ་སྐུར་བའི་སེ་ཐོག་གི་སྒམ། ཧུང་ལ་བཤིག་ནས་ཟས་ཕུད་ཁྱོད་ཀྱིས་ཟས་པའི་ཉེས་པ་མེད་དམ། ཡང་ངེད་ལུས་རྔུལ་ཆེ་བས་གོས་དྲི་མ་ཅན་བཀྲུས་ཏེ། བསྐྱར་ནས་བཙེམ་དུས། དོག་མོར་འགྲོ་ཡིན་འདུག་པས། དེའི་དོན་ལ། རྒྱའི་འཐག་མཁན་གྱིས་གོས་སྲུབས་མེད་པ་བཏགས་པ་སྟོན་པ་གཉིས་ཡོད་པ་ཁྱོད་ལ་གསུམ་འདུག་