[A:155]ཟེར། ང་ལས་ལྷག་པ་བྱེད་པ་ཁྱོད་ཀྱི་ཉེས་པ་མིན་ནམ་གསུངས་ཏེ། དྲི་བ་གསུམ་པོ་མཛད་རྟིང་ལ། དིང་སང་རྒྱལ་ཁམས་ཀྱི་བྱ་བ་ཕེར་བའི་མི་ཇི་འདྲ་ཡོད་གསུངས་པས། མི་གཅིག་གདའ། གཞན་མི་གདའ་ཞུས་པ་དང་། གཅིག་ཡོད་པ་སུ་ཡིན་གསུངས། ཆིང་སང་ཁོ་རང་གི་སྣ་ལ་མཛུབ་མོ་བཙུགས་བྱུང་། དེ་ཕོ་ཉ་ལ་བསྐུལ་ནས་བཏང་བས། རྗེས་ན་ཕར་ཆིང་སང་ཅི་ཟེར་ལྟ་མི་བཏང་བས། ཁོང་སྒྲོལ་བའི་སར་སླེབས་ཙ་ན་ཁྱེད་རྣམས་ཀྱིས། མཚོན་རྣོ་བ་དང་། ལག་ཡང་བ་དང་མྱུར་བའི་ཐབས་ཀྱིས་བྱས་ཡོད་འདུག་པ་ལ། སྒྲོལ་མཁན་གྱིས་ཁྱོད་ཀྱིས་བཟླས་པའི་ཁར་མི་འགྲོ། ཇི་ལྟར་བྱེད་ངེད་ཤེས་པ་ཡིན་མོད་ཟེར་ཞུས་པས། རྒྱལ་པོ་ན་རེ། ངའི་སཾ་གྷ་འགྲོ་ཁར་སེམས་སྡུག་ཏུ་བཅུག་འདུག མི་ངན་དེ་རྣམས་ལ་རྒྱུག་པ་བརྒྱ་དང་བདུན་རེ་རྒྱོབ་གསུངས་པའི་ལུང་བྱུང་ཟེར། དུས་དེ་ཙ་ན་བླ་མ་འཕགས་པ་བཞུགས་ན། ཐུགས་རྗེ་ལ་བསྟན་ནས་ཚེ་ཐར་འགྲོ་ཟེར་གླེང་བར་གདའ། འདི་འདས་ཀྱང་ཕྱག་རྗེས་ཅན་གྱི་བློན་པོ་བཟང་པོར་འདུག་པས་གནས་ལུགས་བྲིས་པ་ཡིན་ནོ། །། །།