R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 158
[A:158]རྣམས་གཙང་ཕྱོགས་ཡིན། །དབུས་པས་འཇའ་མོ་འཛིན་ལུགས་ནི། །གོ་དཔེར་འཇམས་ཆེན་འབྲི་ཁུང་པའི། །ག་ར་འཇའ་མོ་བྱ་ཡུལ་བའི། །སྟེང་དུ་ཚལ་པའི་རི་རྩེ་དུད། །ཕྱེད་དང་བཞི་བརྒྱ་བསྣན་པས་འཛིན། །བརྩི་བར་འཇའ་མོ་ཕག་གྲུའི་ཁར། །ས་སྟག་ཧོར་དུད་ལྔ་བརྒྱ་དང་། །ལྷ་སའི་དྲུག་བརྒྱ་བརྒྱབ་ནས་འཛིན། །ཤ་ཕོ་འཇམས་སུ་གྲུ་གུ་སྒང་། ཁ་རག་འབྲུག་པ་འོལ་ཁ་བ། །གྲྭ་མ་ཐང་པ་བསྡུས་ནས་འཛིན། །ཀོང་འཇམས་གཡའ་བཟང་པ་ཡིས་འཛིན། །ཆུ་ལུག་འདི་དག་སྔོན་དུས་ཡིན། །དེ་རྟིང་ལོ་གྲངས་ཉི་ཤུའི་ཚེ། །མེ་མོ་ཕག་ལ་ཁྲིམས་ར་ནས། །དྷོ་ཤུ་ཨ་ནུ་མཁན་གཉིས་མངགས། །དབུས་གཙང་ས་རྩིས་ཞིབ་པར་བྱས། །དགེ་ལེགས་འཕེལ་བར་གྱུར་ཅིག། །།