R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 157
[A:157]གཉིས་ཡོད། །བྱང་འབྲོག་ཁྲི་སྐོར་རྟིང་ལ་འབྱུང་། །ཡར་འབྲོག་ཁྲི་སྐོར་ཁྱད་ཆོས་ལ་། །ལེབ་ནི་བཅུ་དྲུག་ཟེར་བ་དེ། །ཧོར་དུད་ཕྱེད་དང་བརྒྱད་བརྒྱའོ། །དབུས་ཕྱོགས་རྩ་དུད་འཁྱེར་ལུགས་ནི། །འབྲི་གུང་བོད་འབྲོག་གཉིས་པོ་ལ། །སུམ་སྟོང་བརྒྱད་བརྒྱ་སུམ་ཅུ་ཡོད། །ཚལ་པ་སུར་སྟོང་བདུན་བརྒྱ་ཡིན། །ཕག་མོ་གྲུ་པ་ཉིས་སྟོང་དང་། །བཞི་བརྒྱ་སུམ་ཅུ་རྩ་བརྒྱད་ཡོད། །གཡའ་བཟང་པ་ལ་སུམ་སྟོང་དབང་། །རྒྱ་མ་བ་དང་བྱ་ཡུལ་བ། །ལྔ་སྟོང་དགུ་བརྒྱ་ཕྱེད་འཁྱེར་ཡིན། །སྟག་ལུང་པ་ལ་ལྔ་བརྒྱ་དང་། །དེ་སྟེང་ལྷ་འབྲུག་ལ་སོགས་པས། ཁ་འཐོར་སྟོང་དང་བཞི་བརྒྱ་ཡོད། །ཚུལ་འདི་ཧོར་དང་ས་སྐྱ་པ། །ཡོན་མཆོད་འབྲེལ་ནས་དབུས་གཙང་དུ། །ས་བརྩིས་བྱས་པའི་ཐོག་མར་འདུག །མངའ་རིས་མན་ནས་ཞ་ལུ་ཡན། །ཨོ་ཀོན་མི་ལིང་ཞེས་བྱས་བརྩིས། །དེ་མིན་འབྲི་ཁུང་ཡན་གྱི་ས། །སི་ཏུ་ཨ་སྐྱིད་དག་གིས་བརྩིས། །དེ་ཕྱིར་ས་སྐྱའི་དཔོན་ཆེན་ནི། །ཟམ་གླུ་གུན་མི་དབན་ཧུའི་ས། །མིང་ཐོབ་ཤཱཀྱ་བཟང་པོ་དེའི། །དེབ་ཐེར་ཤོག་རིལ་ཅན་བཞིན་ཡིན། ཁྲི་སྐོར་དེ་པས་དབུས་གཙང་གི། འཇའ་མོ་འཛིན་ལུགས་འདི་ལྟར་སྣང་། །ལྷོ་བྱང་མངའ་རིས་དང་བཅས་པས། །དཔལ་ལྡན་ས་སྐྱའི་འཇམས་ཆེན་དང་། །གྱམ་རིང་ཞབས་ཁ་མར་ལ་ཐང་། །མ་ཕང་མེ་ཏོག་སི་ཏུ་ཡི། །འཇམས་ཆུང་རྣམས་དང་བཅས་པ་འཛིན། །དར་ལུང་འཇའ་མོ་ཆུ་མིག་པས། །ཚོང་འདུས་འཇམས་ཆེན་ཞ་ལུ་པས། །སྟེང་དུ་བྱ་རོག་ཚང་པའི་དུད། །ལྔ་བཅུ་རྩ་བདུན་བརྒྱབ་ནས་འཛིན། །སྟག་འཇམ་ཡར་འབྲོག་ཁྲི་སྐོར་ཏེ། ། བྱ་རོག་ཆང་ག་རྟ་འགོ་ནི། ། ཉི་ཤུ་རྩ་བརྒྱད་དེ་དང་ནི། །ཤངས་ཀྱི་ཆུ་ཕྱོགས་སྟ་མགོའི་གྲངས། །བཅུ་གཅིག་རྒྱབ་ནས་འཛིན་པ་ཡིན། །ཡས་སྲིབས་འཇམས་ཆུང་ཡར་འབྲོག་པས། །འཛིན་ནོ་དེ་