R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 186
[A:186]གདུང་རབས་རྐྱང་པ་ཉི་ཤུ་རྩ་ལྔ་སོང་ཞིང་། སོ་སོར་གྱེས་པའི་རྣམ་གྲངས་ཀྱང་དགུ་བཅུ་གོ་བདུན། ལྕམ་མོ་ཉི་ཤུ་རྩ་གཅིག་ཙམ་བྱོན་པར་བཞེད་དོ། །ཚེ་རབས་ཀུན་ཏུ་དཔལ་ལྡན་བླ་མ་ལ། །མི་ཕྱེད་དད་པའི་ཤུགས་ཀྱིས་ཀུན་བླངས་ནས། །བླ་མ་རྒྱུད་པའི་རྣམ་ཐར་ཐོར་བུ་ཙམ། །བྲིས་པས་དགེ་བའི་བསྟན་པ་འཕེལ་བ་དང་། །རྒྱུད་འཛིན་སྐུ་ཆེ་དཔལ་འབྱོར་རབ་རྒྱས་ནས། །གདུལ་བྱ་རྣམ་མཁྱེན་ས་ལ་མྱུར་འཁོད་ཤོག།།།