R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 187
[A:187]ས་སྐྱའི་བུ་ཆེན་ཤར་ནབ་གུང་གསུམ་དང་། །ཁང་གསར་ཆེན་མོ་བའི་བྱོན་ཚུལ་བཞུགས་སོ། །ཆོས་རྗེ་ཁུ་དབོན་གྱི་སློབ་མ། ཤར་ནུབ་གུང་གསུམ་ཁང་གསར་པ་དང་བཞིར་གྲགས་པའི་ཤར་པའི་གདུང་རུས་ནི། ཞང་ཞུང་སྔགས་རྙིང་མ་བ། ཇོ་འབུམ་ཞེས་པའི་སྲས་གསུམ་གྱི་གཅེན་པོ་པ། བླ་མ་ཤར་པ་ཡེ་འབྱུང་ཆོས་རྗེ་པ་ལ་རབ་ཏུ་བྱུང་། དེས་དཔོན་ཆེན་ཤཱཀྱ་བཟང་པོ་ལ། བླ་བྲང་ཤར་ཉོས་ནས་བཟུང་། དགུང་ལོ་དྲུག་ཅུ་རྩ་བཞི་ཐུབ། གཉིས་པ་སློབ་དཔོན་རྡོ་རྗེ་འོད་ཟེར་བས་ཤར་གྱི་གདན་ས་ལོ་བདུན་མཛད། དགུང་ལོ་རེ་གཉིས་ཐུབ། གསུམ་པ་སློབ་དཔོན་འོད་ཟེར་འཕེན་རྟེན་དགེ་བསྙེན་ཡིན། ཁོང་སྐུ་མཆེད་ཀྱི་ལྕམ་མོའི་སྲས་བླ་མ་ཡེ་ཤེས་རྒྱལ་མཚན། ཆོས་རྗེ་པ་དང་ཤར་པ་ཡེ་འབྱུང་གི་སློབ་མ་ཡིན། གོང་མ་སེ་ཆེན་མངྒ་ལའི་བླ་མཆོད་བྱས། བླ་མ་རྡོ་རྫེ་འོད་ཟེར་གཤེགས་རྟིང་གདན་ས་ལོ་བཅུ་དགུ་མཛད། དགུང་ལོ་རེ་དྲུག་ཐུབ། ཤར་པ་ཆེན་པོ་རབ་ཏུ་མ་བྱུང་བར་ཀྱི་སྲས། ཕྱུག་མོ་རྫེ་བཙུན་སྐྱབས་མ་ལ་སྲས་གསུམ་བྱུང་། འགྲོ་མགོནའགོན་འཕགས་པའི་སློབ་མ་ཡིན། གཅེན་པོ་དུས་འཁོར་པ་ཡེ་རིན། བླ་མ་འཕགས་པ་ཤིང་ཀུན་ནས་གདན་འདྲེན་པ་ལ་ས་སྐྱ་པ་སྤྱིས་བརྫངས། ཕྱིའི་སེ་ཆེན་རྒྱལ་པོའི་ཏི་ཤྲི་མཛད། དགུང་ལོ་ཞེ་བདུན་པ་ལ་རྩེ་ལྔར་གཤེགས། བར་པ་བླ་མ་ཀུན་དགའ་སེང་གེ་ས་ཕོ་སྤྲེ་ལོ་ལ་གོང་དུ་བྱོན། གོང་མ་དང་རྒྱལ་བུ་ཨཱ་ནན་ཏའི་བླ་མཆོད་