R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 190
[A:190]འགྲོ་རྒྱུ་ཡིན་ན་ན་འང་། ཉེ་གནས་ཀྱི་དགུང་ཞག་བདུན་ནས་སྤུར་ལ་རེག་པས་ལྷག་མ་དུམ་བུ་གཅིག་ལུས་ཟེར་རོ། ཁང་གསར་པའི་ཕ་སྤུན་རིང་པོའི་རྒྱུད། སློབ་དཔོན་ཆེན་པོ་ཉི་མ་རྒྱལ་མཚན་པ་གོང་དུ་གུ་ཤྲི་མཛད་ནས་གྲོངས། དེའི་སྲས་སློབ་དཔོན་ཆེན་པོ་བདེ་ལེགས་རྒྱལ་མཚན་པའོ། སྔོན་ཚེ་ས་སྐྱ་བླ་མས་བོད་ཁམས་བསྐྱངས་པའི་དུས། །བཟང་ལྡན་སློབ་མས་ཆོས་བཞིན་བྱས་པའི་མཐུས། །མཐུན་རྐྱེན་བླ་མའི་གདན་ས་རྒྱལ་སའི་ཏི་ཤྲི་ཐོབ། །ཐོབ་པ་དེ་འདྲ་ཕྱིན་ཆད་འབྱུང་བ་ཨེ་སྲིད་ཨང་། །བུ་གཅིག་མ་བཞིན་འགྲོ་ལ་བརྩེ་བའི་ས་པཎ་གྱིས། །བུ་ཆེན་སློབ་མའི་བྱོན་ཚུལ་འདི་བྲིས་པས། །བུ་རམ་ཤིང་པའི་རྒྱུད་ཀྱི་བསྟན་པ་འཕེལ་བྱེད་པས། །བུ་སློབ་འཕགས་པའི་དགེ་འདུན་ཕྱོགས་བཅུར་དར་བར་ཤོག། །།